སྲིད་དོན། 详情

དོན་གྲུབ་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་ཚན་སློབ་རིག་འཕྲོད་ལུས་རྩལ་ལས་རིགས་བཅས་ཀྱི་ཚན་ཁག་གི་གྲོས་བསྡུར་ཁྲོད་ཞུགས་སྐབས་ཐོན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་རིག་གནས་སྒྱུ་རྩལ་དང་ཚན་རྩལ།  སློབ་གསོ། ལུས་རྩལ།  སྨན་བཅོས་འཕྲོད་བསྟེན་ལས་རིགས་བཅས་ཀྱི་ཚན་ཁག་གི་གྲོས་བསྡུར་ཁྲོད་ཞུགས་ནས།  ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་།  ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཉན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས་པ་རེད། ཨུ་ཡོན་རྣམ་པས་སྲིད་གཞུང་བྱ་བའི་སྙན་ཞུར་གཞིགས་ནས་དོན་དངོས་ལ་གཞི་བཙུགས་ཏེ་ཧུར་ཐག་སྒོས་ཐབས་འདོན་ཇུས་འདོན་བྱས་ནས།  དམིགས་སའི་རང་བཞིན་ཆེ་བ་དང་དོན་སྙིང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་རེད།

དོན་གྲུབ་ཀྱིས་ཨུ་ཡོན་ཚོས་ལས་གནས་ལ་གཞི་ཚུགས་པ་དང་སྤྱི་ཡོངས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་པ་དེ་ལས་སྲིད་གྲོས་ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གང་ལེགས་སྒོས་མཚོན་ཡོད་པ་དང་།  ཁུལ་སྲིད་གཞུང་གིས་ལེགས་སྒྲིག་དང་བསྡུ་ལེན་གང་ལེགས་བྱས་ཏེ་ཨུ་ཡོན་ཚོའི་ཐབས་ཇུས་བཟང་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བར་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་ཐོན་ཁུངས་ཕྱོགས་ཡོངས་ནས་བེད་སྤྱོད་ཡག་པོ་བྱས་ཏེ་རང་ས་གནས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་།  སློབ་དཔྱོད་དཔུང་ཁག་འཛུགས་སྐྱོང་དང་སློབ་ཁྲིད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ལྡན་པའི་སློབ་དཔྱོད་ལ་བརྟེན་ནས་སློབ་ཁྲིད་ཀྱི་ཞན་ཆ་གསབ་པ་དང་དགེ་རྒན་གྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་རའི་ཁོར་ཡུག་དང་སློབ་སྲོལ་ལེགས་པོ་གསོ་སྐྱོང་བྱས་ཏེ།  ས་ཁོངས་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་།   ཕྱི་རུ་སྐྱོད་པ་དང་ནང་དུ་འདྲེན་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།  ཁུལ་ཡོངས་དང་། རྫོང་། ཤང་། གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ།  མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་སྨན་བཅོས་བདེ་ཐང་གི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།  ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་སྲུང་སྐྱོང་རྒྱུན་འཛིན་དང་དར་སྤེལ་བེད་སྤྱོད་ལེགས་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། ཁྱད་ཆོས་ལྡན་པའི་ལུས་རྩལ་བྱེད་སྒོ་ལེགས་པར་གཉེར་བ་བཅས་བྱས་ཏེ།  རིག་གནས་ལུས་རྩལ་བྱ་གཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  སྐྱེ་ཁམས་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་དཀོན་པོ་ནང་འདྲེན་ཡག་པོ་བྱེད་པ་དང་།  ཐོན་སློབ་ཞིབ་གསུམ་འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།  ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ལ་ནུས་པ་སྩོལ་དགོས་ཞེས་ནན་གྱིས་བསྟན།   དེ་དང་ཆབས་ཅིག་དོན་གྲུབ་ཀྱིས་ཨུ་ཡོན་ཚོས་སྔར་བཞིན་སྲིད་གཞུང་གི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ལས་རིགས་ཁག་གི་དགེ་མཚན་དང་ཆེད་ལས་ཀྱི་ཁྱད་ཆོས་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་སྲིད་གཞུང་དང་བློ་སེམས་གཅིག་མཐུན་གྱིས་རང་འགུལ་ངང་ཐབས་དང་ཇུས་གཞི་འདོན་པ་དང་།  འབྲེལ་མཐུད་ཀྱི་ནུས་པ་འདོན་པ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་དེ་ཚད་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་སྒོས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད། 


热门新闻

热门图库

热门排行