ཞུང་ཡོན་ལའེ་ཐུན་ཏེའི་འཐུས་མི་ཚོགས་པར་ཞུགས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་བ་བསྐྲུན་པར་ཐུན་ཏེས་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཐུན་ཏེའི་འཐུས་མི་ཚོགས་པར་ཞུགས་ནས། འཐུས་མི་ཚོ་དང་མཉམ་དུ་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་དང་གྲོས་བསྡུར་བྱས།
འཐུས་མིའི་གཏམ་བཤད་ལ་ནན་གྱིས་ཉན་རྗེས། ཞུང་ཡོན་ལའེ་ཡིས་བློ་མཐུན་དོན་གྲུབ་ཀྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞན་དབང་གི་དངོས་སྒྲུབ་ལ་ཕྱོགས་སྡོམ་དང་ལས་འགན་གྱི་བྱེད་ཐབས་ཞིབ་ཕྲར་བཟོས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རྒྱང་སྐྱོད་ལམ་བུ་གསར་པ་མགོ་རྩོམ་པར་འཆར་གཞི་བཟོས་ཡོད་པས། ཐུན་ཏེ་རྫོང་གིས་རང་ངོས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་གནས་བབ་ལ་གཞི་ཚུགས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་བརྟེན་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་དང་། དཀའ་ངལ་ཁྱད་བསད་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་བ་བསྐྲུན་པར་ཐུན་ཏེས་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཞུང་ཡོན་ལའེ་ཡིས་ཏང་གི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོ་སྲུང་ནས། དམངས་ཚིས་ལ་འགན་ལེན་དང་ལེགས་བཅོས་གང་ལེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་དོན་ཆེན་ཞེས་པ་དུས་ནམ་ཡང་སེམས་ལ་དམ་པོར་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་དེ་གཙོ་བོར་འཇོག་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ནས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་དང་ཆུའི་ཁོར་ཡུག་སོགས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མཁར་ཤང་གི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཡོམ་གནོད་འཚེ་རྗེས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཁང་པའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ས་ཁོངས་ཡོངས་སུ་ཁོར་ཡུག་ལེགས་པའི་དཔེ་སྟོན་ཁུལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།