སྲིད་དོན། 详情

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

 ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། ཚོགས་འདུར་ཞུགས་དགོས་པའི་མི45ཡོད་པ་དང་། དངོས་སུ་ཞུགས་ཡོད་པའི་མི43ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། མཱ་ཧྲའོ་ཧྥུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

    ཚོགས་འདུ་ལས་འཐུས་མི་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཆོད་དོན་འཆར་ཟིན། འདེམས་བསྐོའི་བྱེད་ཐབས་འཆར་ཟིན། འདེམས་མིའི་བདམས་ཐོན་བྱེད་ཐབས་འཆར་ཟིན་བཅས་ཀྱི་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྙན་ཞུར་ཉན་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འདེམས་མིའི་བདམས་ཐོན་བྱེད་ཐབས་འཆར་ཟིན། ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།


热门新闻

热门图库

热门排行