གནད་བསྡུས། 详情

དོན་གྲུབ་ཁྲི་ཀའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་སྐབས་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་གང་ལེགས་བྱས་ཏེ།་རྫོང་ཁོངས་མཐུན་སྦྱོར་ལ་ཤུགས་བསྣན་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པ་འབད་པས་བསྐྲུན་པར་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཟླ8པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་ཁྲི་ཀའི་འཐུས་མི་ཚོགས་པའི་ཁྲོད་དུ་ཞུགས་ནས། འཐུས་མི་རྣམས་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་དང་། ཁུལ་ཡོངས་དང་ཁྲི་ཀ་རྫོང་གི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས། གྲོས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་དུ། འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། དམངས་ཚིས་འགན་སྲུང་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། དོན་གྲུབ་ཀྱིས་གཏམ་བཤད་ལ་ནན་ཏན་ངང་ཉན་ཏེ། བསམ་འཆར་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱ་རྒྱུ་ཡིན་ཞེས་བཤད།

དོན་གྲུབ་ཀྱིས་ཁྲི་ཀའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁོས་ཁྲི་ཀ་རྫོང་དུ་ཁྱད་ལྡན་ཐོན་ཁུངས་འཛོམས་ལ།ས་ཁོངས་ཀྱི་སྤུས་རྟགས་མང་པ། ཐོན་ལས་ཀྱི་རྨང་གཞི་བརྟན་པས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་དངོས་སྒྲུབ་འགན་ལེན་རྒྱུན་འཁྱོངས་སྒོས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། མཁར་ཤང་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས་སོགས་གཙོ་གནད་དམ་འཛིན་བྱས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་རྩོམ་པར་འགན་སྲུང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པ་འབད་པས་བསྐྲུན་པར་ཁྲི་ཀའི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་རྨ་ཆུའི་གཞུང་ཆུ་དང་ཡན་ལག་ཆུ་བོའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམས་བྱེད་པར་སྐུལ་འདེད་བྱས་ཏེ། རི་བོ་གཉིས་ཀྱི་ལག་ལེན་འཚོལ་ཞིབ་བྱས་ནས། སྤུས་ལེགས་སྐྱེ་ཁམས་ཀྱི་ཐོན་ཁུངས་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་པའི་རྨང་གཞིའི་དགེ་མཚན་དུ་བསྒྱུར་དགོས། ཡུལ་བབ་དང་བསྟུན་ནས་ཆུ་གློག་དང་འོད་ནུས། ཚ་ནུས་བཅས་སྟོབས་ཆེར་བཏང་ནས། གབ་ཤུགས་སྔོག་འདོན་དང་ཕན་འབྲས་མཐོར་གཏོང་། རྒྱུན་མཐུད་བྱ་བ་བཅས་ལེགས་པོར་སྒྲུབ་དགོས། སྤུས་ལེགས་འདེབས་འཛུགས་ལས་རིགས་དང་གྲང་ཚལ། གཟན་རྩའི་གསོ་སྤེལ་སོགས་ཀྱི་ཐོན་ལས་གསོ་སྐྱོང་ལ་ཤུགས་བསྣན་ཏེ། དེང་རབས་ཞིང་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བྱ་དགོས། རིམ་པ5Aཅན་གྱི་ལྗོངས་ཁུལ་གསར་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ལྗོངས་རྒྱུ་དང་ཆུ་ཁོལ་ཁམས་གསོ། སྤྲོ་གསེང་ལུས་གསོ། ཞིབ་འཇུག་སློབ་སྦྱོང་དང་ཡུལ་སྐོར་གཏན་སྡོད་སོགས་ཀྱི་ལས་རིགས་རྣམ་པ་ཕུན་ཚོགས་སུ་བཏང་ནས། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས་ཏེ། སྐབས་ཐོག་ཡུལ་སྐོར་ནས་གནས་སྡོད་ཡུལ་སྐོར་གྱི་ཕྱོགས་སུ་བསྒྱུར་བ་དང་། ཆེས་བཟང་བའི་དུས་ཚིགས་ཀྱི་ཡུལ་སྐོར་ནས་དུས་ཚིགས་བཞི་བོར་ཡུལ་སྐོར་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱ་དགོས། རྫོང་མཁར་གསར་སྒྱུར་གྱི་ནུས་པ་མཐོ་རུ་གཏོང་བ་དང་། གཙོ་གནད་གྲོང་བརྡལ་ཆུང་ཆུང་གི་འཛུགས་སྐྲུན་དང་འཆམ་མཛེས་གྲོང་གསེབ་བསྐྲུན་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། དྭངས་ཤིང་གཙང་བའི་ཆུ་བོ་དང་སྔོ་ཞིང་ལྗང་བའི་ཆུ་ངོགས་དེ་མཁར་གྲོང་གི་མཛེས་ལྗོངས་དང་གཞི་གཅིག་ཏུ་འདྲེས་པར་བྱེད་པའི་རྨ་ཆུའི་འགྲམ་ངོགས་ཀྱི་གྲོང་བརྡལ་ཞིག་བསྐྲུན་ཏེ།གྲོང་བརྡལ་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་བྱེད་པ་དང་། ཐོན་ལས་དང་གྲོང་བརྡལ་མཉམ་འདྲེས་ཀྱི་རྣམ་པ་གཏོད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་ལས་ཞུགས་འབབ་འཕར། སློབ་གསོའི་སྤུས་ཚད་མཐོར་འདེགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་ཚིས་བྱ་བར་གཅིག་གྱུར་དམ་འཛིན་བྱས་ཏེ། སྤྱི་བའི་ཞབས་ཞུའི་ཆད་ལྷག་མུ་མཐུད་དུ་གསབ་དགོས་པ་དང་། སེམས་ཤུགས་ཡོད་ཚད་ཀྱིས་དམངས་ཕན་དངོས་དོན་ལེགས་པོར་བསྒྲུབས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།


热门新闻

热门图库

热门排行