སྲིད་དོན། 详情

འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ།

ཟླ8པའི་ཚེས17ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་ཆེན་འཐུས་མི་དང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུར་དམིགས་ནས་ནན་ཏན་གྱིས་གྲོས་ཞིབ་དང་གྲོས་བསྡུར་བྱས་ཏེ་ཡུལ་དངོས་ཀྱི་རྣམ་པར་འཁྲུག་ཆ་དོད་པ་དང་།  འཐུས་མི་དང་ཨུ་ཡོན་ཚོས་བློ་སྤོབས་ཆེན་པོས་བསམ་ཚུལ་ལྷུག་པོར་བརྗོད་པ་རེད།

ཡུལ་དངོས་སུ་ཚང་མས་རང་རང་གི་ལས་རིགས་དང་ཁྱབ་ཁོངས་ནས་མྱོར་ཚོར་གླེང་བ་དང་།  གྲོས་འགོ་འདོན་པ།  འཕེལ་རྒྱས་གླེང་བ་བཅས་བྱས་ཤིང་།   ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུ་ལས་མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ།  ཁུལ་གྱི་གནས་ཚུལ་བཀོད་སྒྲིག་ལ་གཞི་ཚུགས་པ་དང་དག་སྲུང་གསར་གཏོད་བྱས་ཡོད་ལ།  དངོས་སྒྲུབ་གཙིགས་འཛིན་དང་འགག་སྒྲོལ་དཀའ་སེལ་གྱི་བློ་སྤོབས་ཆེན་པོའི་རྣམ་པ་ཡང་མངོན་པར་བྱས་ནས། མཚོ་ལྷོའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན་པས། སྔ་མཐུད་རྗེས་སྐྱོང་། ཡིད་ཆེས་ཆེར་སྐྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པར་འདོད་ཡོད།

དུས་རབས་གསར་པས་འགན་འཁྲི་གསར་པ་བསྩལ་ཞིང་། དམིགས་འབེན་གསར་པས་སྤྱོད་ལམ་གསར་པར་སྐུལ། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཀྱི་རྩིས་ཐོ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལས་ཚང་མར་རེ་བ་གསར་པ་བསྩལ་ལ། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་གཞི་རིམ་ནས་རྟོག་ཞིབ་མང་པོ་སྤེལ་ཏེ། སྲིད་གཞུང་བྱ་བའི་སྙན་ཞུས་བཏོན་པའི་བྱ་བའི་བཀོད་སྒྲིག་དང་ཡང་དག་པའི་དམིགས་འབེན་འོས་འགན་ལ་དམ་པོར་དམིགས་ནས། རང་སོ་སོའི་ལས་རྐང་གི་འགན་འཁྲི་དང་། ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་བཅས་དང་ཟུང་འབྲེལ་སྒོས།མང་ཚོགས་ཀྱི་མགྲིན་ཚབ་པ་བཟང་པོ་ཞིག་དང་སྤྱི་ཚོགས་ཀྱི་བརྒྱུད་སྒྲོག་པ་ལེགས་པོ་ཞིག་བྱས་ཏེ། འགན་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་ནས། རང་ཁུལ་གྱི་ཚད་མཐོའི་འཕེལ་རྒྱས་ལ་བློ་གྲོས་མཉམ་འདོན་དང་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར།

热门新闻

热门图库

热门排行