ཞུང་ཡོན་ལའེ་ཡིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དཔལ་འབྱོར་ལས་རིགས། ཞིང་ལས་ལས་རིགས་ཀྱི་ཚོགས་ཆུང་གི་གྲོས་ཞིབ་ཁྲོད་ཞུགས་ཏེ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་ལེན་པར་བློ་གྲོས་འབུལ་དགོས་ཞེས་བསྟན།
ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དཔལ་འབྱོར་ལས་རིགས། ཞིང་ལས་ལས་རིགས་བཅས་ཀྱི་ཚོགས་ཆུང་གི་གྲོས་ཞིབ་ལ་ཞུགས་པ་དང་། ཁོས་མཇུག་སྒྲིལ་མ་ཐག་པའི་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་ཁ་གསལ་བཟོས་པ་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་ལ་དང་དམ་པོར་སྦྲེལ་ཡོད་པས། དངོས་སྒྲུབ་ཁྲིད་སྟོན་རྒྱུན་འཁྱོངས་དང་དངོས་འབྲས་དངོས་ཕན་ལ་དོ་སྣང་བྱས་ཏེ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དང་གཙོ་གནད་ལས་འགན་ལག་བསྟར་བྱས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་དམིགས་ཚད་ལས་འགན་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གཞུང་དངོས། ཚོགས་འདུའི་སྟེང་མཱ་ཀུའོ་ཞང་དང་ཞོན་ཡོའུ་ཧྥུའུ། ཡེ་པའོ་ཁྲེང་། ཆའོ་ཉིང་ཕིང་། སྒྲོལ་མ་སྐྱབས། ཧྲི་ལིན་ཕིང་སོགས་ཨུ་ཡོན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཞུང་ཡོན་ལའེ་ཡིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་ཁོ་ཚོ་དང་མཉམ་དུ་གླེང་མོལ་བྱས།
ཞུང་ཡོན་ལའེ་ཡིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རིང་ལ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་བྱུང་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཁྲོད་ཀྱི་ཧེ་བག་དང་མི་འདང་སའང་གསལ་བོར་ཤེས་དགོས་ཏེ། དཔེར་ན་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་ནང་རང་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་ཨང་དྲུག་པ་ཡིན་པ་དང་། གཞི་རྒྱ་ཆུང་བ་དང་རིམ་པ་དམའ་བ། སྦྲེལ་ཐག་ཐུང་བ། ནུས་ཁུངས་གཙང་མའི་ལས་རིགས་གཙོ་བོ་ཡིན་པས་འཕེལ་རྒྱས་ཀྱི་བག་ཤུགས་ད་དུང་ཡོངས་སུ་འདོན་ཐུབ་ཀྱིན་མེད་པ་དང་། ཐོན་ལས་གསབ་རེས་མི་འདང་བ། མཉམ་འདྲེས་གཏིང་ཟབ་མིན་པས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་བ་དང་འགན་འཁྲི་དེ་ལས་ཀྱང་ལྕི། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དཔལ་འབྱོར་ལས་རིགས། ཞིང་ལས་ལས་རིགས་བཅས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དེ་ཡིན་པས། རང་འགུལ་ངང་འགན་འཁྲི་ཕྲག་ཏུ་བླངས་ཏེ་ཁུལ་ཡོངས་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་ནུས་གསར་བ་མངོན་དགོས་ཏེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ཁེ་ལས་ཀྱི་གློག་སྤྱོད་མ་རྩ་ཇེ་དམའ་རུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཆ་ཚང་བཀོད་སྒྲིག་བྱས་ཏེ། ཁེ་ལས་སྔར་བས་མང་བ་གཅིག་སྡུད་ཡོང་བར་བྱ་དགོས། ཚོང་འགུག་དངུལ་འདྲེན་གྱི་ཆེད་དོན་ལས་སྒྲུབ་ཚན་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ། ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་མཉམ་ལས་སྟེགས་བུར་བརྟེན་ནས་སྤུས་ལེགས་ཚན་རིག་ཞིབ་འཇུག་ཁང་དང་ཁྲོམ་རའི་གཙོ་གཞིར་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་ལག་རྩལ་རིམ་སྤོར་དང་མ་རྩ་ནང་འདྲེན། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་ཐོན་ལས་ལ་སྐུལ་ཁྲིད་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་འགན་ནུས་གསར་བ་མངོན་དགོས་ཏེ། རང་འགུལ་ངང་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་དམིགས་ནས། ལྗང་གློག་ཐད་སྦྲེལ་ལས་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་སྒོས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་ཀྱི་སྦྲེལ་ཐག་གི་རྒྱུན་བསྲིངས་བ་དང་ཁ་གསབ་བྱེད་པ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་ནུས་ཁུངས་ལ་བརྟེན་ནས་ལྗང་མདོག་ཐོན་རྫས་བསྐྲུན་པ་དང་ལྗང་མདོག་ནུས་ཁུངས་ལ་བརྟེན་ནས་ཐོན་ལས་གཅིག་སྡུད་ཡོང་བར་བྱས་ཏེ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགན་ནུས་གསར་བ་མངོན་དགོས་ཏེ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཕྲ་བྱས་ཏེ་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིངས་བ་དང་གི་རིན་ཐང་གི་ནུས་པ་མཐོར་འདེགས་སུ་གཏོང་བ། མཁོ་སྤྲོད་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ནས་སྤུས་ལེགས་ཐོན་རྫས་ལ་རིན་ཐང་ཡོད་པར་བྱ་དགོས། ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པའི་ཐད་འགན་ནུས་གསར་བ་མངོན་དགོས་ཏེ། ཏང་འཛུགས་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པ་དང་ཏང་འཛུགས་སྐྱོང་ནི་འཐབ་ནུས་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཏང་འཛུགས་སྐྱོང་དེ་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ་སོགས་དར་རྒྱས་ཆེ་བའི་ས་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན། ལས་བྱེད་པས་བསྒྲུབ་ཕོད་པ་དང་ས་གནས་ཀྱིས་བསྒྲུབ་ཕོད་པ། ཁེ་ལས་ཀྱིས་བསྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་རང་འགུལ་གྱིས་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། བསམ་གཞིགས་དང་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་དགོས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་རྒྱ་ཁྱབ་ཀྱིས་བསྡུ་རུབ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་ཐག་གཅོད་གང་ལེགས་སྒོས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་བརྒྱུད་སྤྲོད་ཡག་པོ་བྱ་དགོས་ཞེས་ནན་གྱིས་བསྟན།