གནད་བསྡུས། 详情

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་བསྡུས།

ཟླ8པའི་ཚེས17ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཤིང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བསོད་ནམས་སྐྱིད་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུ་ལས་ཚོགས་ཆུང་ཁག་གི་གྲོས་བསྡུར་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞིའི་བྱ་བ་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད་(འཆར་ཟིན)། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྟན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་ཀྱི་གྲོས་ཆོད(འཆར་ཟིན)བཅས་ལ་གྲོས་ཞིབ་བྱས།


热门新闻

热门图库

热门排行