སྲིད་དོན། 详情

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ།

2026-08-17 14:41:51 来源: 作者: 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན།  ཟླ8པའི་ཚེས16ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཚོགས་མགོ་བརྩམས་ཤིང་། ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན246ཡོད་པ་དང་དངོས་སུ་ཞུགས་ཡོད་པའི་ཨུ་ཡོན226ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།  

38959000596a290f12a3952cddc4abd8.png

སྔ་དྲོའི་དུས་ཚོད་དགུའི་སྟེང་ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས་ཤིང་།  ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཡན་དང་མ་ཞའོ་ཝེ།  བསོད་ནམས་སྐྱིད།  ལི་ཀུའོ་ཧྲེང་།  འབྲུག་འབུམ་རྒྱལ།  ལི་ཁྲེན་ལིན།  ཧོ་མིང་ཧའེ།  ཀྲང་ཀུའོ་ཕེང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་ལིའུ་ཡན་གྱིས་ཚོགས་འདུར་མགོ་འཛིན་བྱས།  

3eed9147d20551652e1f73680b93081b.png

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མ།  སྐབས་བཅུ་བཞི་པའི་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་།  དེ་མིན་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  ཁུལ་སྲིད་གཞུང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།  ཁུལ་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཀྲུའུ་ཞི་སྟེགས་བུར་བསྡད་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།  མཚོ་ལྷོ་ས་ཁུལ་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན།  རྫོང་ཨུ་ཁག་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་།  ཤང་དང་གྲོང་བརྡལ་ཁག་གི་སྲིད་གྲོས་ལས་དོན་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།   

228(20260816-103447).jpg

ཚོགས་ཆེན་ལས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་བྱ་བ་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད།  

ཚེ་རིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།   སྙན་ཞུ་ལས་ལོ་ལྔའི་རིང་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སྐབས་བཅུ་བཞི་པའི་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ།  ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་སྲིད་གྲོས་བྱ་བར་ཤུགས་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལྷག་བསམ་རྣམ་དག་གིས་ལག་ལེན་དུ་བསྟར་བ་དང་།  ཞིང་ཆེན་དང་ཁུལ་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་དང་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ།  འཕེལ་རྒྱས་ལ་ཇུས་གཞི་འདོན་པ་དང་དངོས་དོན་གཉེར་བའི་ཐབས་ཇུས་འདོན་པ། དམངས་ཕན་དོན་དངོས་སྒྲུབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྲིད་གྲོས་ཀྱི་གྲུབ་འབྲས་བཟང་བོ་བླངས་ནས།   དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་མཚོ་ལྷོའི་གྲུབ་འབྲས་གསར་པ་བླངས་ཡོད།

སྙན་ཞུས་ཁུལ་ཨུའི་མགོ་ཁྲིད་བརྟན་ལ། འགན་སྒྲུབ་འགན་སྲུང་ལ་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། སྲིད་གྲོས་བྱ་བ་གསར་སྤེལ་འཕེལ་རྒྱས་བྱུང་ནས། ཁྱད་ཆོས་ལ་ཁས་ལེན་གང་ལེགས་ཐོབ་པ།སྲིད་གྲོས་ཨུ་ཡོན་གྱི་འགན་ལེན་ཁུར་ནས། འགན་ནུས་སྒྲུབ་པར་གྲུབ་འབྲས་བཟང་པོ་བླངས་པ། རིམ་པ་སོ་སོའི་སྨྱན་སྦྱོར་གྱིས་དོ་ཁུར་བྱས་ནས། བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་པ་བཅས་ཕྱོགས་བཞི་ནས་ཁྱད་ཆོས་སྤྱི་བསྡོམས་བྱས་པ་དང་། ཏང་གི་ཁ་ཕྱོགས་སུ་བསྙེགས་ཏེ། སྣེ་ཁྲིད་ཆེན་པོ་ལྔ་ལ་བརྟེན་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམ་པོར་གཞིགས་ཏེ། གཙོ་གནད་ལྔ་ལ་བརྟེན་ནས་གུང་ཧོའི་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྤུས་ཚད་མཐོར་འདེགས་དམ་པོར་དམིགས་ཏེ། བཟོ་བཀོད་ཆེན་པོ་ལྔ་ལ་བརྟེན་ནས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་འགན་སྒྲུབ་ཚད་གཞི་མུ་མཐུད་དུ་བཏོད་པ། རང་གི་དགེ་མཚན་ལ་དམ་པོར་གཞིགས་ཏེ། སྟེགས་བུ་ལྔ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དྲང་ནུས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྡུད་བྱས་པ། འགན་སྒྲུབ་རྨང་གཞི་དམ་འཛིན་བྱས་ཏེ། འཛུགས་སྐྱོང་ལྔ་ལ་བརྟེན་ནས་སྲིད་གྲོས་བྱ་བ་སྤུས་འདེགས་ནུས་མཐོ་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་བ་བཅས་ཕྱོགས་ལྔ་ནས་སྐབས་བཅུ་བཞི་པའི་ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གི་ལོ་ལྔའི་རིང་གི་བྱ་བར་ཕྱིར་བལྟ་བྱས།

deb5a514d00c4f708ee4db3e748b2c87.png

ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་ངོ་བོའི་ངེས་གནས་ཡང་དག་གིས་དམ་འཛིན་བྱེད་པ། ངེས་པར་དུ་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ། ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཐུན་མོང་གི་འདུ་ཤེས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། ངེས་པར་དུ་དུས་བབ་དང་བསྟུན་ནས་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་བཅས་ཕྱོགས་དྲུག་ནས་ཉམས་མྱོང་སྤྱི་བསྡོམས་བྱས།

སྙན་ཞུས་སྐབས་བཅོ་ལྔ་བའི་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་ལག་ལེན་བྱས་ཏེ། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུས་བསྩལ་བའི་སྔོན་ཐོན་བརྩོན་ལེན་ལྔའི་བྱ་བའི་བླང་བྱར་ཁ་གཏད་དེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ།རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས། ཆབ་སྲིད་གྲོས་མོལ་གྱི་གནད་ལ་འཁེལ་ཚད་དང་དམངས་གཙོའི་ལྟ་སྐུལ་གྱི་མཐིལ་རྟོལ་ཤུགས། སྲིད་ཞུགས་སྲིད་གླེང་གི་གལ་ཆེན་རང་བཞིན། ངོས་འཛིན་གཅིག་མཐུན་གྱི་ཁེབས་ཚད་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས། ཁྱོན་ཡངས་པའི་གུང་ཧོའི་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པ་འབད་པས་བསྐྲུན་པར་མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས་པ་མ་ཟད། ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ཏེ། སྲོག་ཤིང་ལ་བློ་དཀར་ཞིང་ལས་འགན་ཁུར་ཕོད་པའི་ཐད་སྲིད་གྲོས་ཀྱི་རྣམ་པ་གསར་བ་མངོན་དགོས་པ་དང་། འགན་འཁྲི་ཁུར་ནས་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་དགོས།མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། དམངས་ལ་འགན་ནུས་སྒྲུབ་པ་དང་དམངས་ཚིས་ལེགས་བཅོས་ཐད་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་དགོས། མཐུན་སྒྲིལ་མཛའ་འབྲེལ་ལ་ཤུགས་བསྣན་ཏེ། མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན་ཡོང་བའི་ཐད་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། དམངས་གཙོ་དར་སྤེལ་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་བའི་ཐད་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་དགོས་བཅས་ཕྱོགས་ལྔ་ནས་སྐབས་བཅོ་ལྔ་པའི་ཁུལ་སྲིད་གྲོས་ཀྱི་བྱ་བར་གྲོས་གཞི་བཏོན།

2d0b0ee70315eb43b3de21a1d8b4caf4.png

བསོད་ནམས་སྐྱིད་ཀྱིས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚོགས་ཆེན་ལ་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་རེད། སྙན་ཞུ་ལས་ཁུལ་སྲིད་གྲོས་ཀྱི་གྲོས་གཞི་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བ་གཙོ་བོ་དང་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་བཞིན་པའི་དཀའ་གནད་བྱ་བར་དམ་པོར་དམིགས་ནས། གྲོས་གཞི་འདོན་པའི་རྣམ་པ་བརྒྱུད་དེ་ཐབས་འདོན་ཇུས་འབུལ་དང་ཐབས་འབུལ་ཤུགས་འདོན་བྱས་ཡོད་པ་བསྟན་ཞིང་། ལོ་ལྔའི་རིང་ལ་སྒེར་གྱི་གྲོས་གཞི་དང་མཉམ་འགོད་གྲོས་གཞི། བསམ་འཆར་གྲོས་གཞི་བཅས་ཁྱོན་བསྡོམས་གྲོས་གཞི529འབྱོར་བ་དང་། ཨུ་ཡོན་ཟབ་ཞུགས་བྱེད་ཚད་མི་ཐེངས1289ལ་སླེབས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི363ཐོ་འགོད་བྱས་ཏེ། (དེའི་ཁྲོད་དུ་གྲོས་གཞི་གཙོ་བོ49དང་སྤྱིར་བཏང་གི་གྲོས་གཞི314ཡོད)ཐོ་འགོད་ཐག་གཅོད་བྱེད་ཚད68.6%སླེབས་ཡོད་པ་དང་། ཐོ་འགོད་བྱས་མེད་པའི་གྲོས་གཞི166བསམ་འཆར་དང་གྲོས་འགོར་བརྩིས་ནས་འབྲེལ་ཡོད་སྡེ་ཚན་ལ་བརྒྱུད་སྤྲོད་བྱས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་འགན་སྒྲུབ་ལས་ཁུངས་སོ་སོས་ནན་སྒྲུབ་བྱས་པ་བརྒྱུད། སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞི81སྒྲུབ་བཞིན་པ་ལས། འཕྲོ་མའི་གྲོས་གཞི282ཚང་མར་ལན་བཏབ་ཟིན། གྲོས་གཞི་ལེགས་འགྲུབ་བྱུང་ཚད2021ལོའི76%ནས2025ལོའི89%ལ་འཕར་ཏེ་གྲོས་གཞིར་ལན་བཏབ་ཚད100%ཟིན་ཡོད།

སྙན་ཞུ་ལས་ལས་འགན་གཙོ་བོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་བློ་གྲོས་འབུལ་བ། རྒྱལ་ཁབ་ཀྱི་དོན་ཆེན་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཏིང་ཟབ་ཏུ་གཏོང་བར་ཐབས་ཇུས་འདོན་པ།  སྤྱི་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཕྱོགས་སོ་སོའི་རེ་ཞུར་ལན་འདེབས་པའི་ཐད་ནས་ཐབས་ཇུས་དངོས་འདོན་པ། དམངས་དོན་གྱི་ཐོག་མའི་བསམ་འདུན་ལ་དམིགས་ནས་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་ཆེད་ཐབས་ཇུས་འདོན་པ་བཅས་ཕྱོགས་བཞིའི་ཐད་ནས་ལོ་ལྔའི་རིང་གི་གྲོས་གཞིའི་བྱ་བར་ཐོབ་པའི་ཕན་འབྲས་ལ་ཕྱོགས་བསྡོམས་བྱས་པར་མ་ཟད། ཤུགས་སྣོན་གསུམ་ལ་བརྟེན་ནས་གྲོས་གཞི་ཡང་དག་གིས་འདོན་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་གྲོས་གཞི་སྤྱིའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། གཟབ་ནན་གསུམ་ལ་བརྟེན་ནས་གྲོས་གཞི་ལེགས་སྒྲུབ་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་སྔར་ལས་མཐོར་འདེགས་སུ་གཏོང་བ། དོ་སྣང་གསུམ་ལ་བརྟེན་ནས་ཞབས་ཞུ་ལེགས་པོ་བསྒྲུབ་པར་སྐུལ་འདེད་བཏང་སྟེ་ཞབས་ཞུའི་འགན་སྲུང་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ལོ་ལྔའི་རིང་གི་གྲོས་གཞིའི་བྱ་བའི་བྱེད་ཐབས་གཙོ་བོ་དང་གཞི་རྩའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད། སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་སྙན་ཞུ་ལས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་གྲོས་གཞི་བྱ་བའི་ལངས་གནས་མཐོར་འདེགས་སུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་ལེན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེ་རུ་བཏང་སྟེ་གྲོས་གཞིའི་གཏམ་བརྗོད་རིན་ཐང་མཐོར་འདེགས་སུ་གཏོང་བའི་ཐད་ཐོད་བརྒལ་གསར་པ་ལེན་པ། གྲོས་གཞིའི་སྒྲུབ་གཉེར་གྱི་ཕན་འབྲས་ཆེ་རུ་བཏང་སྟེ་གྲོས་གཞིའི་སྒྲུབ་ཐབས་ཇེ་ལེགས་སུ་གཏོང་བར་ནུས་པ་གསར་པ་མངོན་དགོས་བཅས་ཕྱོགས་གསུམ་གྱི་ཐད་ནས་གྲོས་འགོ་བཏོན།།

热门新闻

热门图库

热门排行