གནས་ཚུལ། 详情

གུང་ཧོ་རྫོང་གིས་ལས་ཚབ་རོགས་སྐྱོར་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ།

 རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས12ཉིན། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཁེ་ཚེ་སྡེ་བའི་གཞུང་ལམ་ལེགས་བསྒྱུར་ལས་གཞིའི་ཡུལ་དངོས་སུ། སྡེ་མི་ཚོས་བྱེ་རྡོའི་ལམ་ངོས་སྙོམས་པར་བྱེད་པ་དང་ཆབས་ཅིག གདོང་ལ་འཛུམ་མདངས་དང་བཅས་ཏེ་ལས་ཀའི་ཡོང་སྒོའི་རྩིས་རྒྱག་བཞིན་མཆིས། ང་ལ་ལག་རྩལ་ཡོད་ཀྱང་ཕྱི་རུ་ལས་ཀར་སོང་ན་ཁྱིམ་གྱི་ས་ཞིང་དང་རྒན་པར་བདག་སྐྱོང་བྱེད་དཀའ། ད་ལྟ་ལས་ཚབ་རོགས་སྐྱོར་གྱི་ལས་གཞི་འདི་ཡོད་པས། རང་གི་ཕ་ཡུལ་ནས་ཉིན་གཅིག་ལ་སྒོར350བཙལ་ཐུབ་ཅེས་ཁེ་ཚེ་སྡེ་བའི་སྡེ་མི་ཀྲང་ཧྲིན་ཡུས་ཀྱིས་དེ་ལྟར་བཤད་པའི་སྐད་ཆ་འདི་ནི། གུང་ཧོ་རྫོང་གིས་ལས་ཚབ་རོགས་སྐྱོར་ལ་བརྟེན་ཕན་ནས་་ཕན་འབྲས་ཐོན་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཤིག་རེད།

2026ལོར།གུང་ཧོ་རྫོང་དེ་ཞིང་ཆེན་ཡོངས་ཀྱི་ལས་ཚབ་རོགས་སྐྱོར་གྱི་རྫོང་གཙོ་བོའི་གྲས་སུ་བཅུག་ཅིང་། ལོ་ཧྲིལ་པོར་ལས་ཚབ་རོགས་སྐྱོར་གྱི་ལས་གཞི29ལག་བསྟར་བྱས་པ་དང་། མ་དངུལ་སྡོམ་པས་སྒོར་དུང་ཕྱུར1.5བཏང་བའི་ནང་དུ་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར1.36ཟིན། མིག་སྔའི་བར་དུ། ལས་གཞི29ཆ་ཚང་གི་ལས་མགོ་བརྩམས་ཟིན་ལ། ས་གནས་དེ་གའི་རོང་འབྲོག་མང་ཚོགས2895ལས་ཀར་བསྡུས་པ་དང་། ངལ་རྩོལ་གྱི་ཐོབ་ཆ་སྒོར་ཁྲི632.34སྤྲད་ཟིན།

གུང་ཧོ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་ལས་ཚབ་རོགས་སྐྱོར་གྱི་སྡེ་མིས་གསར་འཛུགས་ཀྱི་རྣམ་པ་ཁྱབ་སྤེལ་བཏང་སྟེ། ལས་ཚབ་རོགས་སྐྱོར་དེ་དུས་ཐུང་རོགས་སྐྱོར་ནས་ཡུན་རིང་ནུས་པ་སྤྲོད་པའི་ཕྱོགས་སུ་བསྒྱུར་བར་འབད་དེ། ལམ་འདིང་བ་དང་ཡུར་བར་རྡོ་རྩིག་རྒྱག་པ་སོགས་ལས་བརྟེན། ལས་ཀའི་ཡུལ་དངོས་དེ་ལག་རྩལ་སློབ་ཁྲིད་དུ་བསྒྱུར་ཏེ་ལག་ཤེས་པ་སྐོར་ཞིག་གསོ་སྐྱོང་བྱས། དེ་དང་མཉམ་དུ། རོང་འབྲོག་ཁུལ་གྱི་ལམ་དང་ཆུ་བེད་སོགས་ཀྱི་མངོན་གསལ་དོད་པའི་ཞན་ཆར་དམིགས་ནས། གཞུང་ལམ་སྤྱི་ལེ151དང་ཡན་ལག་ཆུ་ཡུར་སྤྱི་ལེ5.7གསར་སྐྲུན་དང་བསྐྱར་གསོ་བྱས་པས། མང་ཚོགས་ཀྱི་འགྲོ་འོང་སྔར་ལས་སྟབས་བདེ་བ་དང་ཐོན་སྐྱེད་ཕན་འབྲས་ཆེ་རུ་ཕྱིན་ཡོད།

ལས་གཞིའི་མ་དངུལ་གྱིས་མང་ཚོགས་ལ་ཕན་གང་ལེགས་འདོགས་པར་ཁག་ཐེག་བྱ་ཆེད། གུང་ཧོ་རྫོང་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅན་ཅུའུ་ཡིས་མ་དངུལ་འཇོག་ཚད་ཉུང་བ་དང་ཞུགས་སྒོའི་ཆ་རྐྱེན་དམའ་བ། ལས་མི་མང་པོ་དགོས་པ། མང་ཚོགས་ལ་ཕན་མགྱོགས་པོ་ཐོགས་པ་བཅས་ཀྱི་དམངས་ཚིས་ལས་གཞི་སྔོན་ལ་བདམས་པ་དང་། ལག་བསྟར་བྱེད་པའི་དུས་རིམ་དུ། ངལ་རྩོལ་ཐོབ་ཆ་དེ་ཀུན་འདུས་བྱང་བུ་བརྒྱུད་ནས་ཐད་ཀར་སྤྲོད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཐོབ་ཆ་དུས་ལྟར་ཆད་ལུས་མེད་པར་མི་རེ་རེའི་ལག་ཏུ་འབྱོར་བར་ཁག་ཐེག་བྱས་པ་དང་། རྫོང་རིམ་པའི་ལས་ཚབ་རོགས་སྐྱོར་གྱི་ཆེད་དོན་ལས་སྒྲུབ་འཛིན་གྲྭ་བཙུགས་ཤིང་། མང་ཚོགས་ཀྱི་ལྟ་སྐུལ་དང་སྡེ་བ་རིམ་པའི་ཡོངས་བསྒྲགས། རྫོང་རིམ་པའི་ཟུར་བཤེར་བཅས་ལམ་སྲོལ་རིམ་པ་གསུམ་བཙུགས་ཏེ། ལས་གཞིའི་སྤྱོད་གཙང་ནུས་ཕྱོད་ཆེ་མཐོར་གཏོང་བར་ཁག་ཐེག་ལ། ཚལ་རྔ་འགག་གྲོང་རྡལ་ཁེ་ཚེ་སྡེ་བ་དང་དེའུ་གསུམ་སྡེ་བ། གྱོག་ཁ་སྡེ་བ་བཅས་ཀྱི་གཞུང་ལམ་ལེགས་བསྒྱུར་གྱི་བཅོས་ལས་གཞི་ལྟ་བུར་མཚོན་ན། ལས་གཞི་དེར་མ་དངུལ་སྒོར་ཁྲི668བཏང་ཞིང་ངལ་རྩོལ་ཐོབ་ཆ་སྒོར་ཁྲི245.93སྤྲོད་རྒྱུའི་འཆར་གཞི་ཡོད་པ་དེའི་ནང་ཀྲུང་དབྱང་གི་མ་དངུལ་གྱི40%ཟིན་ཡོད་ཅིང་། ལས་མགོ་བརྩམས་ནས་ཟླ་གཉིས་ལས་མ་འགོར་ཡང་། དོན་དངོས་སུ་ལས་མི217བཀོལ་བ་དང་། སྣེ་ཁྲིད་ཀྱི་ཕན་འབྲས་དེ་སྔོན་དཔག་ལས་བརྒལ་ཏེ། དོན་དངོས་ཐོག་ལས་གཞི་རང་ཡུལ་དུ་སྐྲུན་པ་དང་། ཡོང་སྒོ་དམངས་ལ་ཐོབ་པ། སྙན་གྲགས་མང་ཚོགས་ཁྲོད་བཞག་་པ་བཅས་མངོན་འགྱུར་བྱུང་ཡོད།།

热门新闻

热门图库

热门排行