གནད་བསྡུས། 详情

ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་ཐད་རྩོམ་ཡིག་གལ་ཆེན་སྤེལ་བ།

ཟླ8ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས》ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་། རང་རྒྱལ་གྱི་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་བ་དང་། ས་ཁམས་ཆགས་ཚུལ་རྙོག་འཛིང་ཆེ་བ། གནམ་གཤིས་འདྲ་མིན་སྣ་མང་ཡིན་པས། རང་བྱུང་གནོད་འཚེ་ཐོན་སླ་བ་དང་ཐོན་མང་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ལས་དོན་དེ་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འདུ་ཤེས་སྒྱུར་བ་དང་། སྒྲིག་སྲོལ་བསྒྱུར་བཅོས། མ་ལག་འཛུགས་སྐྱོང་། ནུས་པ་ཆེར་གཏོང་སོགས་ཀྱི་ཐད་བཀོད་སྒྲིག་མང་པོ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཞིང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱས་པས། ཕན་འབྲས་ལ་འཛམ་གླིང་ཡོངས་ཀྱི་ཁས་ལེན་ཐོབ་ཡོད། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ངེས་པར་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རང་བྱུང་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། སྤྱི་ཚོགས་མཉམ་བཅོས་མཐའ་འཁྱོངས་བཅས་བྱེད་དགོས། ཉམས་མྱོང་རྩ་ཆེན་དེ་དག་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་དགོས་པ་མ་ཟད། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

རྩོམ་ཡིག་ནང་། མིག་སྔར་རང་རྒྱལ་གྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ལས་དོན་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཐོག བཟང་ཆ་དར་སྤེལ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། རང་བྱུང་གནོད་འཚེ་སྣ་ཚོགས་སྔོན་འགོག་དང་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གནོད་འཚེ་བཅོས་སྐྱོང་བྱ་རྒྱུ་དེ་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བདེ་འཇགས་ཀྱི་མཉེན་གཤིས་བླང་བྱ་དེ་རྒྱལ་ཁོངས་ས་ཆའི་བར་མཐོངས་འཆར་འགོད་དང་དེ་བཞིན་རིགས་ཁག་གི་འཛུགས་སྐྲུན་འཆར་འགོད་ནང་ཁྱབ་པ་བྱས་ནས། རང་བྱུང་གནོད་འཚེའི་ཉེན་ཁ་ལས་ནུས་ལྡན་ངང་གཡོལ་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེའི་ཉེན་ཁ་སྣ་ཚོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་གནད་སྨིན་དབྱེ་འབྱེད་བྱེད་དགོས། ལས་གཞི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་གྲོང་ཁྱེར་དང་གནོད་འཚེ་ཐོན་མང་བའི་ས་ཁུལ་གྱི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་འགོག་སྲུང་ཚད་གཞི་ལུགས་མཐུན་ངང་མཐོ་རུ་གཏོང་བ་དང་། བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་བཤང་བའི་གནོད་འགོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གཙོ་གནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། གསོག་འབོར་གྱི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་གཏོང་བ་དང་གསར་དུ་ཐོན་པའི་ཉེན་ཁ་བཀག་འགོག་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གནོད་འཚེ་ཆེན་པོ་དང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། མ་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོ་བཙུགས་ནས། གནོད་འཚེ་ཆེན་པོ་དང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱེད་པ་དང་། འཕྲལ་སྒྲུབ་སྔོན་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། དཀའ་ངལ་དང་འགྲན་སློང་ལ་ཚོད་དཔག་གང་ལེགས་བྱེད་པ། ལས་ཀའི་བྱེད་ཐབས་ལ་བསམ་གཞིགས་གང་ལེགས་བཅས་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་ནས། སྔོན་ཚུད་ཉེན་བརྡའི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན། ཤར་གཏོང་རང་བཞིན་བཅས་ཆེ་རུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྒྲུབ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྒྲུབ་བཀོད་འདོམས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། འགག་རྩའི་དུས་སུ་སྐུལ་སློང་བྱེད་ཐུབ་པ་དང་། གདོང་མཆོང་བྱེད་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་འགན་ལེན་ཏན་ཏིག་བྱ་དགོས། ཕྱོགས་བསྡུས་རོགས་སྐྱོབ་དང་བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབས་ཏེ། རང་བྱུང་གནོད་འཚེའི་ཉེན་ཁ་ཁྱབ་འགྱེད་མི་ཡོང་བ་བྱེད་དགོས། ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ངེས་པར་དུ་གནོད་འཚེ་ཆེན་པོ་དང་རྒྱུགས་ལེན་ཆེན་པོ་ཐེངས་རེ་རེའི་ནང་དྲིས་ལན་ཕུལ་བྱུང་བཏབ་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ཚན་རྩལ་གྱི་འདེགས་སྐྱོར་དང་ཁྲིམས་སྐྱོང་གི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་ཐད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་། འཕྲལ་སྒྲུབ་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ། འཕྲལ་སྒྲུབ་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་བྱུང་གནོད་འཚེའི་རྨང་གཞིའི་ཞིབ་འཇུག་གཏིང་ཟབ་སྤེལ་བ། འགག་རྩའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ཚན་རྩལ་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཁྲིམས་སྐྱོང་ཐད། འཕྲལ་སྒྲུབ་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་འཐུས་ཚང་དང་ཁྲིམས་འཛིན་ནན་པོ་ཟུང་འབྲེལ་བྱས་ཏེ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། གཞི་རིམ་ནི་རང་བྱུང་གནོད་འཚེ་འགོག་པའི་འཐབ་ཕྱོགས་དང་པོ་ཡིན་པས། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བའི་ལས་ཀར་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏོང་མི་རུང་། གཞི་རིམ་གྱི་འཕྲལ་སྒྲུབ་རོགས་སྐྱོབ་སྟོབས་ཤུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས། འཕྲལ་སྒྲུབ་ཁུལ་འཛུགས་སྐྲུན་དང་དངོས་ཟོག་སྒྲིག་ཆས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་འཕྲལ་སྒྲུབ་སྟོབས་ཤུགས་འཛུགས་སྐྱོང་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། དམངས་ཀྱིས་ལྟ་ཞིབ་ཚད་ལེན་དང་དམངས་ཀྱིས་སྔོན་འགོག དམངས་ཀྱིས་བཅོས་སྐྱོང་བཅས་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་གནོད་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་བྱེད་དགོས། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ནི་སྡེ་ཚན་མང་པོ་དང་གནོད་འཚེའི་རིགས་མང་པོ། ལྷུ་ཚིགས་མང་པོ་བཅས་དང་འབྲེལ་བ་ཡོད་པས། ངེས་པར་དུ་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ་དང་། འགན་འཁྲིའི་སྦྲེལ་ཐག་དམ་འཛིན་བྱས་ནས་མཉམ་ཤུགས་ཆགས་པ་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ས་སྲུང་འགན་འཁྲི་གཙང་སྒྲུབ་བྱས་ཐོག གཅིག་གྱུར་དང་ཁག་བགོས་ཟུང་འབྲེལ་དང་། སྔོན་འགོག་དང་རོགས་སྐྱོབ་སྦྲེལ་མཐུད། གོང་འོག་མཉམ་འགུལ་བཅས་མཐའ་འཁྱོངས་བྱས་ཏེ། མཉམ་དུ་དམ་འཛིན་དང་མཉམ་དུ་དོ་དམ། མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། འཕེལ་རྒྱས་ལ་མཐོང་ཆེན་དང་བདེ་འཇགས་ལ་སྣང་ཆུང་བྱེད་པ་དང་གེགས་སེལ་ལ་མཐོང་ཆེན་དང་སྔོན་འགོག་ལ་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱོགས་ལྷུང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། རིམ་པ་ཁག་གི་ལས་བྱེད་པའི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་ཏེ། ངོས་འཛིན་གནད་ལ་འཁེལ་བ་དང་། འགན་འཁྲི་གནད་ལ་འཁེལ་བ། ལས་ཀ་གནད་ལ་འཁེལ་བ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


热门新闻

热门图库

热门排行