གནས་ཚུལ། 详情

སྐབས་གསུམ་པའི་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་གྱི་འགྲན་རིམ་བཅུ་གཅིག་པ་ཁུལ་ལུས་རྩལ་ར་བར་སྤེལ།

ཟླ8པའི་ཚེས15ཉིན།  སྐབས་གསུམ་པའི་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་གྱི་རེས་འགྲན་རིམ་བཅུ་གཅིག་པའི་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་ཞིང་། མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་ཤར་ཐེན་ཡོའུ་ཏུ་རུ་ཁག་གཉིས་ཀྱིས་སྐར་མ90ཡི་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར་འགྲན་མཉམ་བྱུང་།

ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་གྲུག་ཞེན་པ་མང་པོ་བསྟུད་མར་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་ཡོང་ནས་འགྲན་བསྡུར་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། འགྲན་བསྡུར་གྱི་སྔོན་ལ་འཁྲབ་སྟོན་པ་དག་གིས་མི་རིགས་ཀྱི་རྒྱན་གོས་གྱོན་ནས། སྙན་འཇེབས་ཀྱི་གླུ་སྐད་དང་གར་གྱི་སྟངས་སྟབས་ལ་བརྟེན་ཏེ་ས་གནས་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་མངོན་པས། འགྲན་བསྡུར་ལ་དགའ་སྤྲོའི་རྣམ་པ་ལེགས་པོ་ཞིག་བསྐྲུན་པ་རེད། ཤན་འབྱེད་པས་བརྡ་བཏང་བ་དང་བསྟུན་ནས་འགྲན་བསྡུར་དངོས་སུ་སྤེལ་ཞིང་། མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་ཤར་ཐེན་ཡོའུ་ཏུ་རུ་ཁག་གཉིས་ཀྱི་རུ་མི་རྣམས་མྱུར་དུ་འགྲན་བསྡུར་ལ་ཞུགས་ནས། སྤོ་ལོ་འཕྲོག་རེས་དང་ཕན་ཚུན་གཞོགས་འདེགས་སོགས་བརྒྱུད་དེ་ཕྱོགས་གཉིས་ཀྱི་རུ་ཁག་གིས་རྔུལ་ཆུ་འདོན་བཞིན་རྩེར་སོན་གྱི་རྐང་རྩལ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྐང་གྲུག་ལུས་རྩལ་ལ་དགའ་བའི་རྣམ་པ་མངོན་ལ། སྟེགས་བུའི་སྟེང་གི་གྲུག་ཞེན་པ་དག་གིས་དགའ་འབོད་བྱས་ཤིང་། ཁོ་ཚོའི་ལག་གི་དར་ཆ་གཡུག་པ་དང་མཁར་རྔ་རྡུང་ཞོར་དུ་རང་རང་གིས་རྒྱབ་སྐྱོར་བྱེད་པའི་རྐང་གྲུག་རུ་ཁག་ལ་ཤུགས་རྒྱག་བཞིན་པས་ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཁེངས་ཡོད།

ཐེངས་འདིའི་འགྲན་བསྡུར་ནི་མཐོ་སྒང་གི་རྩལ་འགྲན་སྤེལ་རེས་ཤིག་ཡིན་ལ་མཚོ་ལྷོ་ཁུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་ཚོང་དོན་བཅས་མཉམ་འདྲེས་ཀྱི་འགྲེམ་སྟོན་ཞིག་ཀྱང་ཡིན། འགྲན་རའི་མཐའ་འཁོར་དུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཁུལ་བཙུགས་ཏེ་ནས་ཀྱི་ཐོན་རྫས་དང་ནོར་གནག་གི་ཤ་སྐམ།  མཐོ་སྒང་གི་འོ་མའི་ཐོན་རྫས་སོགས་རང་ས་གནས་ཀྱི་ཐོན་རྫས་གཅིག་སྡུད་སྒོས་འགྲེམ་སྟོན་བྱས་པ་དང་།  ལྟད་མོ་བས་འགྲན་བསྡུར་ལ་ལྟ་ཞོར་དུ་འདེམས་ཉོ་བྱས་ནས་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་མྱོང་རོལ་བྱས་ཤིང་།   རྐང་གྲུག་འགྲན་བསྡུར་གཞི་རྟེན་དུ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་ཚོང་དོན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ།  དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་རམ་འདེགས་བྱས་པ་རེད།

ཐུན་ཏེ་རྫོང་སྤྲིན་གྱི་འདབ་མ་བལ་ཁུལ་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཚོང་པ་ཚེ་དབང་འཚོས་བཤད་རྒྱུར། ང་ཚོས་རང་ཉིད་ཀྱིས་བཟོས་པའི་མི་རིགས་ཞྭ་མོ་འགྲན་རར་འཁྱེར་ཡོང་ནས་འགྲེམ་ཚོང་བྱས་པ་ཡིན།  རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་གྱི་སྟེགས་བུ་དེར་བརྟེན་ནས་ང་ཚོ་མཚོ་ལྷོ་ཁུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་གཏོང་རྒྱུའི་རེ་བ་ཡོད་ལ། གྲོགས་པོ་སྔར་བས་མང་པོས་ང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་རྒྱུས་ལོན་བྱེད་པར་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཟེར། 

热门新闻

热门图库

热门排行