སྲིད་དོན། 详情

ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གྲོས་ཨུ་ཡོན་གྱི་གཅིག་བསྡུས་གསོ་སྦྱོང་དང་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་བསྡུས།

ཟླ8པའི་ཚེས15ཉིན། ཁུལ་སྲིད་གྲོས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གྲོས་ཨུ་ཡོན་གྱི་གཅིག་བསྡུས་གསོ་སྦྱོང་དང་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་བསྡུས་ཤིང་། ཚོགས་ཆེན་ལས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་རྣམས་རྩ་འཛུགས་བྱས་ནས་སྐབས་བརྗེའི་སྒྲིག་ཁྲིམས་ནན་སྲུང་གི་ཐུན་མོང་གསལ་འདེབས་དང་། དུས་རབས་གསར་པའི་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་ཚད་གཞི་དང་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་འཛུགས་སྐྱོང་སྐོར་གྱི་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

གཞུང་དངོས། ཚོགས་ཆེན་ལས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་དང་པོར་བརྩིས་ནས། སློབ་སྦྱོང་གཏིང་ཟབ་དང་ཤེས་སྤྱོད་ཟུང་འབྲེལ་ཐད་ཤུགས་སྣོན་བྱས་ཏེ། ཚོགས་ཆེན་གྱིས་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་མོ་དང་འཐབ་ཇུས་ཀྱི་བཀོད་སྒྲིག དམིགས་འབེན་ལས་འགན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐད་ཤུགས་སྣོན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས། འགན་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཆེན་ལས་ཨུ་ཡོན་རྣམས་ཀྱིས་སློབ་སྦྱོང་དང་གསོ་སྦྱོང་གི་གྲུབ་འབྲས་དེ་ལས་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པའི་སྒུལ་ཤུགས་སུ་བསྒྱུར་བ་དང་། དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དོ་སྣང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། རང་ནུས་ཆེར་སྐྱེད་དང་འཇོན་ཐང་ཆེ་རུ་གཏོང་བ། རང་གཅུན་ནན་མོ་བྱེད་པ། མཐའ་ཚད་བརྟན་སྲུང་བྱེད་པ་བཅས་བྱས་ནས། དངོས་སྒྲུབ་འགན་འཁྲི་ཕྲག་ཏུ་ཁུར་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ་ལ་དྲིན་བཟོ་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཆེན་ལས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ལ་ཉེ་བའི་སྐབས་འདིར་ཨུ་ཡོན་རྣམས་ཀྱིས་སྐབས་བརྗེའི་སྒྲིག་ལམ་ནན་སྲུང་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ། ཆེད་ལས་འགན་སྒྲུབ་ཀྱི་འཇོན་ཐང་ཆེ་བ། བྱ་བའི་སྤྱོད་ཚུལ་ནན་མོ་བཅས་ཀྱི་སྟེང་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ལ་ཞུགས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་གྲུབ་བྱེད་པ། སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་སྒྲུབ་ཐད་ནས་གྲུབ་འབྲས་བཟང་པོ་ལེན་དགོས་པའི་བླང་བྱ་བཏོན་ཡོད།


热门新闻

热门图库

热门排行