སྲིད་དོན། 详情

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་བསྡུས།

ཟླ8པའི་ཚེས15ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་བསྡུས་ཤིང་། སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་གནང་བ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་ལ་ཁྱོན་བསྡོམས་ཨུ་ཡོན246ཡོད་པ་དང་། གྲ་སྒྲིག་ཚོགས་འདུར་ཞུགས་པའི་ཨུ་ཡོན229ཡོད་པས། གཏན་འཁེལ་མི་གྲངས་དང་མཐུན།

ཚོགས་འདུ་ལས་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་མགོ་འཛིན་པ། དྲུང་ཡིག་ཆེན་མོ་བཅས་ཀྱི་མིང་ཐོ་དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚེ་རིང་གིས་ཚོགས་འདུ་མཇུག་སྒྲིལ་སྐབས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ལ་ཉེ་བའི་སྐབས་འདིར། ངས་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚབ་ཞུས་ནས་སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་ལ་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ་བ་དང་། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དང་པོ་བདེ་བླག་ངང་འཚོགས་ཐུབ་པ་དང་སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱིས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སྔ་མཐུད་རྗེས་སྐྱོང་དང་སྔ་འཛིན་ཕྱི་གཏོད་སྒོས། ལམ་བུ་གསར་བར་འབད་པས་བསྐྱོད་པ་དང་གྲུབ་འབྲས་གསར་པ་བླངས་ཏེ་གུང་ཧོ་གཤོང་ས་ཆེན་མོའི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གང་མགྱོགས་སྒོས་ཆགས་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་ལེན་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།

སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཅིང་ཡོང་ཅེ་དང་བསོད་ནམས་སྐྱིད། ཀུན་བཟང་པདྨ་རྣམ་རྒྱལ། ཀྲུའུ་ལིན། ལི་ཀུའོ་ཧྲེང་བཅས་ཚོགས་འདུར་ཞུགས།


热门新闻

热门图库

热门排行