ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་དྲིལ་སྒྲོག་བྱ་བའི་སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ལས་མི་རྩ་འཛུགས་བྱས་ཏེ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་དྲིལ་སྒྲོག་བྱ་བའི་སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུའི་སྟེང་གནང་བའི་བྱ་བའི་སྙན་ཞུ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བྱས་ལ། ཁུལ་ཡོངས་སུ་དྲིལ་སྒྲོག་བྱ་བ་སྤེལ་བར་བཀོད་སྒྲིག་བྱས། ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་མྱུར་དུ་མགོ་བརྩམས་ཏེ། སྔོན་ལ་སློབ་པ་དང་གཏིང་ཟབ་ཏུ་སློབ་པ། སྔོན་ལ་བསྐྱོད་པ་དང་མིག་དཔེ་བསྟན་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་ཤུགས་རྐྱེན་ཆེ་བ་དང་། གཏིང་ཟབ་པ། ཕན་འབྲས་དངོས་ཐོན་པ་བཅས་ཡོང་བར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་།
ཚོགས་འདུའི་སྟེང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་སྒོ་ཀུན་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ནི་གླེང་ཕྱོགས་ཀྱི་གནས་གཙོ་བོ་དང་དྲིལ་སྒྲོག་གི་དཔུང་སྡེ་གཙོ་བོ་ཡིན་པའི་ཆ་ནས།ངེས་པར་དུ་ལས་འགན་ལ་དམིགས་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་གཏིང་ཟབ་སྤེལ་བ་དང་མི་སེམས་སུ་ཟུག་པར་ཤུགས་ཆེན་བཏོན་ཏེ། ཚོགས་ཆེན་གྱིས་བཀོད་པའི་འཆར་གཞི་རླབས་པོ་ཆེ་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན།
ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་ཕྱོགས་ཡོངས་དང་རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་འཕྱུར་དགོས་ལ། རིགས་པའི་གཞུང་ལུགས་ལ་ཤུགས་རྒྱག་པ་དམིགས་བསལ་གྱིས་དམ་འཛིན་བྱས་ཏེ། སྒྲོག་འགྲེལ་འཆར་གཞི་གཏན་འབེབས་བྱེད་པ་དང་། སྒྲོག་འགྲེལ་ཡིག་ཆ་ཆ་ཚང་ཞིག་རྩོམ་སྒྲིག་བྱེད་པ། སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱེད་པ། སྒྲོག་འགྲེལ་བརྩམས་ཆོས་སྐོར་ཞིག་འདོན་པ། དྲིལ་སྒྲོག་གི་ཚ་རླབས་འཕྱུར་བ་བཅས་གཅིག་ལྔའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པ་བརྒྱུད། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཁྱབ་སྤེལ་ཐུབ་པ་དང་གསོན་ཤུགས་རྒྱས་ཐུབ་པ།དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ལ་ཤུགས་རྒྱག་པ།གླེང་ཕྱོགས་ཡང་དག་པའི་ཕྱོགས་ཤུགས་བཏོན་ཏེ་གསོལ་བོར་ཤོད་དགོས་པ་དྲུག་གི་སྐོར་གྱི་ཆེད་དོན་ལེ་ཚན་འཛུགས་པ་དང་། སྒྲོག་འགྲེལ་དང་རིག་རྩལ་ཟུང་བ་དང་སྒྲོག་འགྲེལ་དང་ཞབས་ཞུ་ཟུང་བ་སོགས་ཀྱི་བྱ་བའི་བྱེད་ཐབས་བཏོན་ཏེ། མང་ཚོགས་སྐོར་ཁག་བགོ་བ་དང་ཕན་ཚུན་ཟབ་ཞུགས་བྱེད་པའི་སྒྲོག་འགྲེལ་ཞིབ་ཚགས་ཀྱིས་རྩ་འཛུགས་བྱས་ནས།ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། འདུ་ཤེས་འཛིན་སྟངས་བརྟན་པོར་སྲུང་བ་དང་བྱ་བའི་འགན་འཁྲི་དམ་འཛིན་བྱེད་པ།སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་དོ་སྣང་ཆེན་ནན་མོ་བྱས་ནས།ཡར་རྒྱས་བརྩོན་ལེན་དང་མཐུན་སྒྲིལ་འབད་འབུངས་ཀྱི་རྣམ་པ་བཟང་པོ་བསྐྲུན་པར་ཤུགས་རྒྱག་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ལས་གནས་ལ་དགའ་ཞེན་ཡོད་པ་དང་བརྩེ་བ་ཡོད་པའི་སྒོ་ནས་མཚོ་ལྷོའི་ས་གཞི་ཆེན་པོའི་སྟེང་གི་བདེན་དགེ་མཛེས་གསུམ་རྙེད་པར་བྱས་ཏེ། ལྷག་བསམ་རྣམ་དག་གིས་ཆབ་སྲིད་ཀྱི་ལྷག་བསམ་བརྟན་པོ་སྲུང་དགོས་པ་དང་། བྱ་བ་ལེགས་པོ་སྒྲུབ་པར་བརྟེན་ནས་མགྱོགས་པ་དང་ནན་པ། མཐོ་བ། ཞིབ་པ། ལེགས་པ་བཅས་ཀྱི་བྱ་བའི་ཚད་གཞི་གཞིར་བཟུང་ནས། བྱ་བ་རེ་རེ་བཞིན་ཞིབ་ཕྲ་དང་ཏན་ཏིག་གིས་བསྒྲུབས་ཏེ་ལག་ལེན་དངོས་བསྟར་གྱི་རྣམ་པས་འགན་འཁྲི་འཁུར་སེམས་མངོན་པར་བྱ་དགོས་ཤིང་། སྤྱོད་ཚུལ་ལེགས་པོ་སྲུང་བར་དོ་སྣང་བྱས་ཏེ་བྱ་བའི་སྒྲིག་ཁྲིམས་བརྩི་སྲུང་དང་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ་སྤྱོད་གཙང་སྲོལ་བཟང་གིས་དཔུང་སྡེ་ཡི་མི་གཤིས་མངོན་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་།ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁྲི་ཀ་རྫོང་ཨུའི་དྲིལ་བསྒྲགས་པུའུ། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཆོད་སེམས་མཚོན་པའི་གཏམ་བཤད་བྱས་པ་རེད། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་དྲ་འཕྲིན་གཞུང་ལས་ཁང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་གློག་བརྙན་འཕྲིན་ཅུའུ། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལྟེ་གནསབཅས་ཀྱི་ལས་བྱེད་པ་མི130ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།།