(ཆེད་བརྗོད)མཐོ་ས་ནས་རྒྱང་ལ་དམིགས་ཏེ་འགྲུལ་བཞུད་ལམ་བུ་གསར་པར་བསྐྱོད།
ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངངམཇུག་བསྒྲིལ་བར་རྟེན་འབྲེལ་ཞུ།
རང་ཚགས་པར་གྱི་དཔྱད་གཏམ་པས།
དུས་ཀྱི་འཁོར་འགྲོས་འཕོ་འགྱུར་ཁྲོད། །དཔལ་ཡོན་གསར་པའི་ལེའུ་བརྩམས། །ཐོག་མའི་བསམ་འདུན་བྲག་ལྟར་བརྟན། །བླ་ན་མེད་པའི་ལས་འགན་ཁུར། །འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གཏན་འཁེལ་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།ང་ཚོས་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་སྙིང་ཐག་པ་ནས་བརྟེན་འབྲེལ་ཞུ།
འདི་ནི་སྔོན་རྗེས་མཐུད་པ་དང་སེམས་ཤུགས་སྤར་བའི་དམ་བཅའི་ཚོགས་ཆེན་ཞིག་ཡིན་ལ། ཚོགས་ཆེན་གྱིས་དར་ཆ་མཐོན་པོར་བསྒྲེངས་ཤིང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། འདས་ཟིན་པའི་ལོ་ལྔའི་འབད་འཐབ་ཀྱི་བརྒྱུད་རིམ་ཧྲིལ་བོར་ཕྱིར་དྲན་བྱས་པ་དང་། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་མ་ཟད། 《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོདགཉིས་ཀྱང་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་འདིས་བསམ་བློའི་ངོས་འཛིན་གཅིག་མཐུན་ཡིན་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་པས། ལག་ལེན་དངོས་སུ་བསྟར་བ་དང་འབད་བརྩོན་ལྷོད་མེད་བྱེད་པའི་འབོད་སྐུལ་ནན་མོ་བྱས་ཡོད།
འདས་པའི་ལོ་ལྔར་ཕྱིར་མིག་བལྟས་ཚེ། ཧ་ཅང་རྒྱུན་ལྡན་མིན་པ་དང་ལས་སླ་མོ་ཞིག་མ་རེད། རྙོག་འཛིང་དང་་ཛ་དྲག་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་འོག་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རྒྱས་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོར་འཕྲད་སྐབས། ཁུལ་ཨུས་ཏང་རྩ་འཛུགས་ཀྱི་རིམ་པ་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་སྙིང་སྟོབས་ཆེན་པོས་ལག་ལེན་བསྟར་བ་དང་། གོམ་པ་རེ་རེ་བཞིན་གོང་འཕེལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་རེར་སྐས་རིམ་རེ་འཛེགས་ཏེ་གོང་འཕེལ་ལ་ནུས་ཤུགས་བཏོན་པ་དང་། ལོ་ངོ་ལྔ་ཡི་འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་མངོན་གསལ་ཆེ་རུ་ཕྱིན་པ་དང་། དོ་དམ་དང་སྲུང་སྐྱོབ་གཉིས་གཙིགས་སུ་བཟུང་བས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ། གསར་གཏོད་བསྒྱུར་བཅོས་བྱས་པ་བརྒྱུད་གོང་འཕེལ་གྱི་སྒུལ་ཤུགས་ཇེ་ཆེར་འཕེལ་བ། མཉམ་སྐྲུན་མཉམ་སྤྱོད་བྱེད་པས་དམངས་འཚོ་བདེ་སྐྱིད་ལེགས་སུ་བཏང་བ། བདེ་འཇགས་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ཏང་ནན་སྐྱོང་བྱེད་པ་དེས་ཏང་འཛུགས་སྐྱོང་ལས་དོན་ཤུགས་ཆེར་སྤེལ་བ་བཅས་བྱུང་ཡོད། དངོས་སྒྲུབ་ཀྱིས་གྲུབ་འབྲས་ལྗིད་ཏིག་ཅིག་ཕུལ་བ་དང་འབད་འཐབ་ཀྱིས་དུས་རབས་ཀྱི་ལེའུ་གསར་པ་བརྩམས་ཡོད། ད་ལྟའི་མཚོ་ལྷོ་ཁུལ་ནི་རྣམ་པ་གསར་རྐྱང་གི་ཐོག་ནས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་བཞིན་ཡོད་པ་རེད།
ཆུ་བོ་རབ་ཏུ་རྒྱས་པས་ངོགས་གཉིས་ཡངས།།ཕྱོགས་མཐུན་རླུང་བཟང་ལྡིང་བས་གྲུ་གཡོར་འཕྱར།།མཐོ་ས་ནས་རྒྱང་ལ་དམིགས་ཏེ་འགྲུལ་བཞུད་ལམ་བུ་གསར་པར་བསྐྱོད་དགོས་ཏེ། མ་འོངས་བའི་ལོ་ལྔ་ནི་རང་ཁུལ་གྱིས་སྤུས་ཚད་མཐོན་པོར་འཕོ་འགྱུར་དང་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་བཅངས་ཤིང་སྟོབས་ཤུགས་ཡོད་རྒུ་བསྐྱེད་ནས་ཚོགས་ཆེན་སྟེ་གཏན་འཁེལ་བྱས་པའི་འཕར་སྣེ་གཅིག་དང་མ་དཔེ་བཞི་ཡར་་ཐོན་ལྔ་ཡི་དམིགས་འབེན་ལ་ཁ་ཕྱོགས་ཏེ། འབད་བརྩོན་ཆེན་པོ་ལྔ་སྒུལ་ཤུགས་སྟོབས་ཆེན་དུ་བརྩིས་ནས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་ལྟེ་གནས་གསར་པར་་འགྱུར་བར་སྐུལ་འདེད་ཧུར་ཐག་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས། ཏང་གི་མགོ་ཁྲིད་འོག་གཞི་རིམ་བཅོས་སྐྱོང་བཅས་ཀྱི་མཚོ་ལྷོ་འི་མ་དཔེ་བསྐྲུན་རྒྱུར་ཤུགས་བརྒྱབ་སྟེ། དཔལ་འབྱོར་གོང་འཕེལ་དང་ཤིང་གྲོང་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས། བསམ་བློའི་དཔལ་ཡོན། གཞི་རིམ་ཏང་རྩ་འཛུགས་སོགས་ཕྱོགས་གང་ཅིའི་ཐད་ཡར་རྒྱས་གསར་་པ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།
ཆུ་རྒྱས་ན་འགྲམ་གཉིས་ཡངས་ཤིང་། རླུང་བཟང་དུས་དར་གཅིག་འཕྱོར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག སྐབས་གསར་པའི་ཁུལ་ཨུའི་གོམ་སྟབས་དང་བསྟུན་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། དུས་རབས་ཀྱི་ཁུར་པོ་ལྕི་མོ་ཕྲག་ཏུ་བླངས་ཏེ་འབད་བརྩོན་ཆེན་པོས་འགྲན་རྩོད་ལ་ཞུགས་པ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་སྤེལ་ཞིང་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལག་བསྟར་མཐར་ཕྱིན་བྱས་ཏེ། གོམ་པ་རེ་རེ་བཞིན་འཆར་གཞི་རླབས་པོ་ཆེན་དེ་བདེ་སྐྱིད་ལྡན་པའི་དངོས་ཡོད་ལ་བསྒྱུར་དགོས།།