ཀྲུང་གུང་མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས13ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞི་ཚོགས་པས་མངགས་བཅོལ་ལྟར། བློ་མཐུན་ལིའུ་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། སྐབས་གསར་པའི་ཁུལ་སྒྲིག་ཨུའི་ཨུ་ཡོན་ཡོངས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་མིང་མི་འགོད་པར་འདེམས་ཤོག་འཕེན་ཐབས་བརྒྱུད་ནས་སྐབས་གསར་པའི་ཁུལ་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་།
གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཝེ་ཡིས་སྐབས་གསར་པའི་ཁུལ་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་གནང་། ཨུ་ཡོན་ཡོངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་སྐབས་གསར་པའི་སྒྲིག་ཨུའི་མགོ་ཁྲིད་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ། དེ་བཞིན་ཀྲུང་དབྱང་སྒྲིག་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ལ་བློ་སེམས་དཀར་བ་དང་འགན་འཁྲི་གང་ལེགས་སྒྲུབ་པའི་རྣམ་འགྱུར་བཟུང་ནས་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་སྐུལ་ལས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་། དོན་དངོས་གཉེར་ཞིང་འགན་འཁྲི་འཁུར་ཕོད་པ། རང་གཅུན་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་གྱི་ལས་དོན་སྲ་བརྟན་དུ་བཏང་སྟེ། ཁུལ་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུ་ལས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་མཚོ་ལྷོ་ཁུལ་གྱི་མ་འོངས་ལོ་ལྔའི་འཆར་གཞི་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པས། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་མོ་བཏོན་ཡོད་དེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་སྒྲུབ་ནས། ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་ལ། དུས་ནམ་ཡང་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་བཟུང་ནས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱིས་ཁུལ་ཡོངས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་སའི་མགོ་འཛུགས་ས་གང་ལེགས་ཀྱིས་འཚོལ་དགོས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་གྱི་བྱ་བ་དེ་ཁུལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཨུས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་ལྟ་སྐུལ་འགན་ནུས་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། གོང་རིམ་སྒྲིག་ཨུའི་ལས་ཀའི་བཀོད་སྒྲིག་དང་ཁུལ་ཨུའི་གཙོ་གནད་ལས་འགན་བཀོད་སྒྲིག ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་ལྟ་སྐུལ་ནན་མོ་དང་ཞིབ་ཚགས་སུ་གཏོང་དགོས་ཤིང་། ནུས་ལྡན་གྱི་ལྟ་སྐུལ་ལ་བརྟེན་ནས་དམངས་ཚིས་ལེགས་བཅོས་བྱེད་པར་ཁག་ཐེག་བྱས་ཏེ་རིགས་སོ་སོའི་མང་ཚོགས་རྣམས་དེ་བས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་བར་སྟོབས་ཤུགས་འབུལ་དགོས།
དོན་དངོས་ལ་རྩད་གཅོད་དང་དཀའ་ཁག་ལ་གདོང་གཏུག་ཕོད་པ་རྒྱུན་འཁྱོངས་བྱས་ནས། སྲོལ་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གསོ་སྐྱོང་བྱེད་པའི་ཐད་ཕན་འབྲས་གསར་པ་ལེན་དགོས། དུས་ནམ་ཡང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་འགན་འཁྲི་རྩད་གཅོད་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་བརྡའི་སློབ་གསོ་སྤེལ་ཏེ་རུལ་སུངས་བྱ་མི་ཕོད་པ་དང་། རུལ་སུངས་བྱ་མི་ཐུབ་པ། རུལ་སུངས་བྱ་མི་འདོད་པ་བཅས་ཀྱི་ཕྱོགས་ལ་ཤུགས་འདོན་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ཁྲིམས་འཛིན་དང་ནོར་སྲིད། རྩིས་བཤེར་སོགས་སྡེ་ཁག་བར་གྱི་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྒྲིག་ཁྲིམས་ལྟ་སྐུལ་དང་ལྟ་ཞིབ་ལྟ་སྐུལ། མངགས་གཏོང་ལྟ་སྐུལ། སྐོར་ཞིབ་ལྟ་སྐུལ་བཅས་ཕྱོགས་བཞིར་གཅིག་གྱུར་འཆར་འགོད་ཀྱིས་ཟུང་འབྲེལ་དམ་ཟབ་ཡོང་བ་བྱས་ནས། ལྟ་སྐུལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། ལམ་ལུགས་ཀྱི་ཚོད་འཛིན་དམ་ཚགས་བཟོས་ཏེ་སྒྲིག་ཁྲིམས་ལག་ལེན་བསྟར་སྐབས་ངེས་པར་དུ་གཟབ་ནན་བྱ་དགོས་པའི་ཁ་ཕྱོགས་གསལ་པོ་མུ་མཐུད་དུ་སྟོན་དགོས། རང་ནུས་མཐོར་འདེགས་བྱེད་པ་དམ་འཛིན་ནན་མོ་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་དཔུང་ཁག་བརྟན་པོ་ཞིག་བསྐྲུན་པའི་ཐད་སྣང་བརྙན་གསར་པ་བསྐྲུན་དགོས། སྐབས་གསར་པའི་སྒྲིག་ཨུའི་མགོ་ཁྲིད་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་དོན་ཕྱོགས་ཀྱི་སྤྱོད་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་ནས། མགོ་ཁྲིད་ཁག་གི་གཅིག་སྒྲིལ་ནུས་པ་དང་འབད་བརྩོན་གྱི་ནུས་ཤུགས་ཆེ་རུ་གཏོང་དགོས། རྩ་དོན་མཐའ་འཁྱོངས་བྱེད་པ་དང་གཞུང་དྲང་ཁྲིམས་འཛིན་བྱེད་པ། ཚུལ་མིན་གྱི་སྤྱོད་ཚུལ་སྣ་ཚོགས་ཡོ་བསྲང་དང་བཅོས་སྐྱོང་བྱེད་དགོས། དུས་རྟག་ཏུ་རང་གིས་རང་ལ་བརྩི་བཀུར་དང་རང་སྐྱོན་བརྟག་པ། དོགས་ཟོན་བྱེད་པ་བཅས་བྱས་ནས། གནས་པའི་གནད་དོན་སྔོན་འགོག་བྱེད་པ་དང་། ཕྱོགས་ཡོངས་ནས་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་ལམ་དང་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པར་སྣེ་ཁྲིད་པ། སྤྱོད་གཙང་རང་གཅུན་གྱི་མིག་དཔེ་བཟང་པོ་བསྟན་ཏེ། བློ་སེམས་དཀར་ལ་གཞུང་དྲང་བ། འགན་འཁྲི་འཁུར་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་ཞིག་གསོ་སྐྱོང་བྱས་ནས།ཁུལ་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་བྱ་དགོས་ཞེས་བསྟན།།