གནད་བསྡུས། 详情

དོན་གྲུབ་ཁུལ་གྱི་ཁུལ་ཐད་གཏོགས་ལས་ཁུངས༼དམག་དཔུང་༽ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ཁྲོད་ཞུགས་པ།

ཟླ8པའི་ཚེས12ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཁུལ་ཐད་གཏོགས་ལས་ཁུངས༼དམག་དཔུང་༽ཀྱི་འཐུས་མི་ཚོགས་པར་ཕྱིན་ནས་ཡན་ལག་ཚོགས་པའི་གྲོས་བསྡུར་ཁྲོད་ཞུགས་པ་དང་། འཐུས་མི་ཡོངས་དང་མཉམ་དུ་སྐབས་བཅུ་བཞི་པའི་ཁུལ་ཨུའི་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་ཞིང་།  གྲོས་ཞིབ་བྱ་ཡུལ་དུ་འཐུས་མི་ཚོས་སྙན་ཞུའི་ནང་དོན་ལ་དམ་པོར་དམིགས་པ་དང་།  དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་དང་འཕེལ་རྒྱས་སྐོར་གླེང་བ།  ཇུས་བཟང་འབུལ་བ་བཅས་བྱས་པས་ཡུལ་དངོས་ལ་སྤྲོ་སེམས་འཁོལ་ཞིང་དངོས་དོན་གཉེར་བའི་རྣམ་པས་ཡོངས་སུ་ཁེངས་འདུག  

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་དོན་གྲུབ་ཀྱིས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྐུལ་འདེད་གཏོང་བ།  གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་མོ་ཡོད།  ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།  ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དདར་རྒྱས་སུ་གཏོང་བ་བཅས་འཕེལ་རྒྱས་ཀྱི་ཐབས་ཇུས་ཆེན་པོ་བཞི་གཏན་འཁེལ་བྱས་པ་དང་མ་འོངས་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཡོད་པ་དེ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མཚོན་པ་དང་།  ལྷག་བསམ་རྣམ་དག་དང་འགན་འཁྲིའི་འཁུར་སེམས་མཚོན་པ།  དམངས་ཚིས་དོ་ཁུར་ལ་ལན་སློག་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་ལ།   ཁུལ་ཡོངས་ཀྱི་བྱ་གཞག་དར་རྒྱས་སུ་གཏོང་བ་དང་རྣམ་པ་གསར་པ་གཏོད་པར་ཁྲིད་སྟོན་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན་པས།  ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་ཁག་གིས་སྙན་ཞུའི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།  དམིགས་ཚད་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ངེས་དོན་གྱིས་ཁུལ་ཨུའི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་ཁུལ་གཏོགས་ལས་ཁུངས་ནི་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པ་མ་ཟད།ལག་བསྟར་དམ་འཛིན་དང་མཐུན་སྦྱོར་ལ་ཤུགས་སྣོན།འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དཔུང་སྡེ་གཙོ་བོའང་ཡིན་པས།ཁྱོན་ཡོངས་ལ་གཞིགས་ནས་ཏང་འཛུགས་འཆར་འགོད་བྱེད་པ་དང་།ལྟེ་བར་དམིགས་ནས་ཏང་འཛུགས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་གསར་སྤེལ་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྒྲིལ་དང་།ཆེད་ལས་ཀྱི་བྱང་ཚད་ལེགས་པོར་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་བྱ་དགོས།ལས་ཁུངས་ཏང་འཛུགས་ཀྱི་ཁྲིད་སྟོན་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ།ཅན་བཅུའི་ཏང་འཛུགས་ཀྱི་ནུས་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་། སྤུས་མཐོའི་ཏང་འཛུགས་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་འགན་སྲུང་བྱ་དགོས། གལ་ཆེན་གཉིས་དང་གསར་བསྒྱུར་གཉིས། དྲ་བ་དྲུག་སོགས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་མོ་དམ་འཛིན་བྱས་ཏེ། ནུས་ཁུངས་གཙང་མའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཇེ་ལེགས་སུ་གཏོང་བ།རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་འདེགས་ནུས་མཐོ་ཡོང་བ་བཅས་བྱས་ནས།སྤུས་མཐོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་བྱེད་མི་རུང་པའི་འགན་འཁྲིའི་འདུ་ཤེས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་དང་།ཡག་ཐོག་ཡག་བརྩེགས་ཀྱི་ཚད་གཞི་མཐོན་པོས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ།ནུས་ཤུགས་ཡོད་ཚད་ཀྱིས་ཐོན་ལས་སྟོབས་ཆེར་དང་ལས་གཞི་དམ་འཛིན།བདེ་འཇགས་བརྟན་སྲུང་།དམངས་ཚིས་ལེགས་བཅོས་བཅས་བྱས་ནས།འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་དམངས་ཚིས་བདེ་སྐྱིད་མཐོ་རུ་གཏོང་དགོས།བྱས་རྗེས་ལས་རང་ཉིད་ཀྱི་སྙན་གྲགས་གླེང་བའི་བསམ་བློ་འདོར་བ་དང་བྱས་རྗེས་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་པའི་འགན་འཁྲི་འཁུར་ནས།གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་འགུལ།མཉམ་ཤུགས་འདོན་པ།མཉམ་དུ་དོ་དམ་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་ཞིག་བསྐྲུན་ཏེ།ལས་སྒྲུབ་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས་པ་དང་།ཏང་གི་འཐུས་མི་ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་འོས་འགན་ཞིབ་ཕྲ་བཟོས་ནས།འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་བྱ་བ་སོ་སོའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

热门新闻

热门图库

热门排行