གནད་བསྡུས། 详情

ཞུང་ཡོན་ལའེ་ཀོས་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པ།

ཟླ8པའི་ཚེས12ཉིན་གྱི་སྔ་དྲོར། ཞུང་ཡོན་ལའེ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀོན་ནན་འཐུས་མི་ཚོགས་པའི་ཁྲོད་ཞུགས་ནས་འཐུས་མི་དང་མཉམ་དུ་ཁུལ་ཨུའི་སྙན་ཞུ་དང་ཁུལ་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་། འཐུས་མིའི་གཏམ་བཤད་ལ་ནན་གྱིས་ཉན་རྗེས། ཞུང་ཡོན་ལའེ་ཡིས་ཉེ་བའི་ལོ་ཤས་རིང་ཀོས་ནན་རྫོང་གི་བྱ་བ་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་བསམ་ཕྱོགས་གསལ་པོ་དང་དམིགས་འབེན་ཁ་གསལ་བྱས་ཏེ། བྱ་བ་འབད་པས་སྒྲུབ་པ་ལས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཡིན་ལ། འཆར་འགོད་ལེགས་པོ་དོན་འཁྱོལ་བྱས་པ་ལས་བྱུང་བ་ཡིན་ཞེས་བསྟན། ཁོས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལས་སླད་ཕྱིན་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་འཕེལ་རྒྱས་འཆར་འགོད་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཡོད་ལ། འགྱུར་མེད་སྒོས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས།  བསམ་བློའི་འདུ་ཤེས་བསྒྱུར་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་།དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བཅས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།   

ཞུང་ཡོན་ལའེ་ཡིས་ཏང་ཡོན་ལས་བྱེད་པའི་གཏམ་བཤད་དང་བྱ་སྤྱོད་ཀྱིས་ཏང་གི་སྣང་བརྙན་མཚོན་ཡོད་པས། འགན་འཁྲིའི་འཁུར་སེམས་བརྟན་པོར་ངེས་ནས་དོན་ཆེན་བསྒྲུབ་རྒྱུའི་སེམས་ཤུགས་ཡོད་དགོས་པ་ལས་མགོ་ཁྲིད་ཀྱི་ལས་སྟེགས་སྙེག་པའི་བསམ་བློ་མི་སྐྱེས་པར་ཏན་ཏན་ཏིག་ཏིག་ངང་བྱ་གཞག་སོ་སོ་སྒྲུབ་པ་དང་མང་ཚོགས་ཀྱི་དོན་དག་ལེགས་པོ་བསྒྲུབ་དགོས། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས་ཏེ། ཏང་གི་མགོ་ཁྲིད་ནི་ལས་སྒྲུབ་ལས་སྐྲུན་གྱི་རྨང་གཞི་ཡིན་ཞིང་། བརྩི་སྲུང་བཞི་ཡི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་ཏན་གྱིས་སྲུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་བཅས་ལ་རང་རྟོགས་ཀྱིས་ངོས་འཛིན་དང་ལེན་དང་རང་འགུལ་གྱིས་སྒྲུབ་པ་དང་། ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། བྱ་བ་སོ་སོ་དུས་ནམ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱ་དགོས། བསམ་བློའི་འདུ་ཤེས་བསྒྱུར་ཏེ། དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཞི་རིམ་དང་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། བཅོས་སྒྱུར་གསར་གཏོད་དང་དངོས་སྒྲུབ་གཙིགས་འཛིན། ཡུན་རིང་འབད་བརྩོན་བཅས་བྱས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་དང་སྔོན་ཐོན་དཔེ་བཟང་གི་དཔེ་སྟོན་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་སྒུག་རྟེན་སློང་གསུམ་གྱི་བསམ་བློ་བསྒྱུར་བར་ཁྲིད་སྟོན་བྱས་ནས། ཡུལ་བབ་དང་བསྟུན་ནས་ལུ་གུའི་དཔལ་འབྱོར་དང་དགུན་ཁའི་ནོར་གནག་གི་གཟན་རྩྭ། གཙག་དྲུབ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་འཕར་བར་སྐུལ་འདེད་བྱ་དགོས། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་སྟེ། ནས་དང་རྩྭའི་ཐོན་ལས། ཕྱུགས་ལས་ཏེ་ལྷག་པར་དུ་ལུག་ནག་སོགས་ཐོན་ལས་ཀྱི་དགེ་མཚན་ལ་གཞི་བཙུགས་ནས། ཅང་སུའུ་ཡི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་སོགས་ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཚན་རྩལ་དང་མ་རྩའི་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ཏེ། སྤུས་རྟགས་བཟང་བོ་བསྐྲུན་དགོས་ཤིང་། ལུང་ཡུང་ཀྲི་ཞན་གྱི་རྒྱལ་སྤྱིའི་ཉོ་ཚོང་ཐབས་ལམ་བརྒྱུད་ནས། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཁྲོམ་ར་རྒྱ་སྐྱེད་པ་དང་། ནས་དང་ལུག་ནག་སོགས་ཁྱད་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་དགོས་ཏེ། ས་བབ་དང་བསྟུན་ནས་རྐྱང་འཛུགས་དང་མཉམ་འཛུགས་སོགས་ཀྱི་རྣམ་པ་སྤྱད་དེ་སྡེ་བ་རིམ་པའི་ཐོན་སྐྱེད་ཀུང་ཟི་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས།ཤང་དང་སྡེ་བ་རིམ་པའི་ལས་གཞིའི་གསོ་སྦྱོང་སྤེལ་ཏེ།ལས་གཞིའི་འཆར་འགོད་ནུས་པ་མཐོར་འདེགས་དང་ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་ལེགས་པོར་སྒྲུབ་ནས།གུན་ཚབ་ལས་སྤྲོད་ལས་གཞི་ཡར་ཞུ་བྱ་དགོས་པ་དང་། རྩྭ་སའི་ཨ་བྲ་མེད་པར་གཏོང་བ་དང་། སྡོང་ཕྲུག་དང་རྩི་ཤིང་འདེབས་པ།སྡེ་བ་རིམ་པའི་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་ནང་དུ་མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ནས།མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས།དབྱང་ཀྲོའུ་གྲོང་ཁྱེར་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྡེ་བ་དང་སྡེ་བའི་བར་ཁ་གཏད་འབྲེལ་བ་བཙུགས་ཏེ། རྒྱུན་ལྡན་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། མི་རིགས་ཁག་བར་གྱི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།


热门新闻

热门图库

热门排行