སྲིད་དོན། 详情

ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ། ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི254དང་དངོས་སུ་ཞུགས་པའི་འཐུས་མི248ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན། ཞུང་ཡོན་ལའེ་ཡིས་ཚོགས་ཆེན་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་གནང་། 

99219c94a866aa0378f98757ea956f7a.jpg

ཚོགས་ཆེན་ལས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན41དང་རྗེས་སྣོན་ཨུ་ཡོན8བདམས་ཐོན་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན25བདམས་ཐོན་བྱུང་། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཆོད་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

640.png

གྲོས་ཚོགས་ལས་ཐེངས་འདིའི་ཚོགས་ཆེན་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་དང་ཁྱོན་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ལ།  ཚོགས་ཆེན་ལས་ལོ་ལྔའི་རིང་གི་མཚོ་ལྷོའི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། སླད་ཕྱིན་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན། གཙོ་གནད་ལས་འགན་བཅས་གསལ་པོ་བཏོན་ཡོད་པ་དང་། མཚོ་ལྷོའི་མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པར་བཟོས་ཡོད་པས། དེ་ནི་བརྗོད་བྱ་གསལ་ཞིང་གཏིང་ཟབ་པ་དང་གཏན་ཚིགས་གསལ་ཞིང་གོ་སླ་བ། བྱེད་ཐབས་གསར་ཞིང་གསར་གཏོད་ལྡན་པ། སྙིང་སྟོབས་ཆེར་སྐྱེད་བཅས་ཀྱི་སྙན་ཞུ་ཞིག་ཡིན། སྐབས་གསར་པའི་ཁུལ་ཨུ་དང་ཁུལ་སྒྲིག་ཨུ་བདམས་ཐོན་བྱུང་ཡོད། ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོར་སྒྲེང་དང་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ། སྔ་མཐུད་རྗེས་སྐྱོང་། སྔ་འཛིན་ཕྱི་བཏོད། དམངས་གཙོ་དར་སྤེལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པར་འདོད།

640 (1).jpg

གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་སྟོན་པ་དང་། སློབ་སྦྱོང་གཏིང་ཟབ་དང་གོ་བ་ནང་བྱན་ཆུད་པར་ལེན་པ། དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ལ་སྣེ་ཁྲིད་བྱས་ཏེ། ལས་རྐང་གཙོ་བོའི་མགོ་ཁྲིད་ཀྱིས་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་མི་སེམས་ལ་འཇགས་པར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཚགས་ལེན་པའི་ཁྲོད་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱ་དགོས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ཆབ་སྲིད་ཀྱི་ནང་དོན་དང་འཐབ་ཇུས་དཔྱད་གཞི། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་སྒོས་ཁུལ་ཨུའི་བཀོད་སྒྲིག་སྟེང་ཕྱོགས་ཏེ། ཁུལ་ཡོངས་ཀྱི་བྱ་གཞག་སོ་སོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད་པར་འགན་སྲུང་བྱ་དགོས། དངོས་ཐོག་བདེན་འཚོལ་གྱི་ཁྲོད་དུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཏེ། ཚོགས་ཆེན་ལས་གཏན་འཁེལ་བྱས་པའི་འཕར་གཞི་གཅིག་དང་མ་དཔེ་བཞི།ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་དང་འོས་འགན་གཙོ་བོར་དམིགས་ནས།དོན་དངོས་ལ་གཞི་ཚུགས་ཏེ་མགོ་རྩོམ་ས་དང་ཟུང་འབྲེལ་བྱེད་ས།ཤུགས་འདོན་ས་བཅས་འཚོལ་ཞིབ་བྱས་ནས།བྱེད་ཐབས་ཇེ་ལེགས་དང་འོས་འགན་ཞིབ་ཕྲ་སྒོས།བློ་སྤོབས་ཆེན་པོས་ལག་བསྟར་དམ་འཛིན་བྱ་དགོས་པ་དང་། དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་བྱ་དགོས།དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁྲོད་དུ་ཐོག་མའི་སེམས་འདུན་ལག་ལེན་བྱ་དགོས་ཏེ།ཏང་འཛུགས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ།སློབ་གསོ་དང་ལས་ཞུགས།སྨན་བཅོས།རྒན་གསོ།སྡོད་ཁང་སོགས་དམངས་ཚིས་བྱ་གཞག་སོ་སོར་དམ་འཛིན་བྱས་ནས།མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་རེ་རེ་བཞིན་ཐག་བཅད་དེ།མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་།སྐྱིད་སྣང་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

640 (2).jpg

ཚོགས་ཆེན་ལས་འཐུས་མི་ཡོངས་ཀྱིས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་དང་མི་དམངས་ཀྱི་རེ་སྒུག་ཡིད་ལ་བརྟན་པོར་བཟུང་སྟེ། ཏང་ལ་བློ་དཀར་བ་ལག་ལེན་དུ་བསྟར་ནས་འགན་འཁྲི་དང་ལེན་དང་ལས་འགན་གཙང་སྒྲུབ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པར་བརྟེན་ནས་ཏང་གི་ལམ་ཕྱོགས་ཀྱི་བྱེད་ཐབས་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དམངས་གཙོ་བོར་འཛིན་པའི་དམིགས་ཡུལ་བརྟན་པོར་འཛུགས་དགོས་ཏེ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ཐག་གཅོད་བྱས་ནས། མང་ཚོགས་ལ་ཤ་ཚ་བའི་སྣེ་ཁྲིད་པ་བཟང་བོ་ཞིག་བྱ་དགོས། དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་བསྒྲུབ་ཤེས་པ་དང་འགན་འཁྲི་འཁུར་ཕོད་པ། གསར་གཏོད་བྱེད་མཁས་པ་བཅས་བྱས་ཏེ། རང་གི་ལས་གནས་སུ་བྱས་རྗེས་འཇོག་པར་ནུས་ཤུགས་འདོན་དགོས་ཞེས་བླང་བྱ་བཏོན།

ཚོགས་ཆེན་ལས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་ལས་འགན་གསར་པ་སྤྲད་པ་དང་།  ལས་འགན་གསར་པས་བྱས་རྗེས་གསར་པ་འཇོག་དགོས་ཏེ།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲིར་བརྟེན་ནས་དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་ཕོད་པ་དང་།  སྟོབས་ཤུགས་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན། སྤོབས་པ་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ།  ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཁག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་དང་ལས་དོན་རེ་རེ་བཞིན་ཡག་པོ་བསྒྲུབ་ནས་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱ་དགོས་ཞེས་འབོད་སྐུལ་བཏང་།།

热门新闻

热门图库

热门排行