ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཟླ8པའི་ཚེས12ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི249ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན། ཀའོ་ཡུང་ཧུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཚོགས་ཆེན་ལས་འདེམས་བསྐོའི་བྱེད་ཐབས(འཆར་ཟིན)ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཚོགས་ཆུང་བགོས་ནས་གྲ་སྒྲིག་འདེམས་བསྐོ་དང་ཚོགས་ཆེན་གྱི་འདེམས་བསྐོའི་འདེམས་ཤོག་ལྟ་ཞིབ་པ་དང་སྤྱིའི་འདེམས་ཤོག་ལྟ་ཞིབ་པའི་གྲོས་གཞིའི་མིང་ཐོར་གྲོས་འཆམ་བྱུང་།