སྲིད་དོན། 详情

འགན་འཁྲི་ལག་བསྟར་བྱེད་པའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མཚོ་ལྷོའི་ལེའུ་གསར་པ་རྩོམ་པར་འབད་འབུངས་ལྷོད་མེད་བྱ་དགོས།

——ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

མགོ་རྩོམ་ས་ནས་ལམ་ལ་ཆས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་པས་བསྐྱོད།ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་རེ་ལྟོས་ཁྲོད།ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཚོགས་མགོ་བརྩམས། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ།ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་བ།ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་དུས་སྐབས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་དང་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཚོགས་ཆེན་འདིའི་སྟེང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པའི་ཚུན་གྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱ་རྒྱུ་མ་ཟད། མ་འོངས་པའི་ལོ་ལྔའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་གསལ་པོ་བྱེད་པ་དང་། སྐབས་གསར་པའི་ཁུལ་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གསར་པ་འདེམས་བསྐོ་བྱ་རྒྱུ་བཅས་རེད། ཚོགས་ཆེན་འདི་རྒྱལ་ཁའི་ངང་འཚོག་ཚེ། ང་ཚོས་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། ཡིད་ཆེས་བརྟན་པོ་དང་བྱ་བ་ཏན་ཏིག་སྒྲུབ་པ། ཧུར་ཐག་གིས་སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པར་དོན་སྙིང་གལ་ཆེན་ལྡན།

B1CBCE657C86C7EC02F8D1D7178C5874.jpg

ལོ་ལྔའི་རིང་འབད་བརྩོན་ལྷོད་མེད་བྱས་པ་དང་ལོ་ལྔ་ལ་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་ཅིང་། འདས་པའི་ལོ་ལྔ་ནི་རང་སྐྱོང་ཁུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་ཞི་བདེ་བརྟན་བརླིང་ཡིན་པའི་གྲུབ་འབྲས་ཆེན་པོ་བླངས་པའི་ལོ་ཡིན། ལོ་ངོ་འདི་དག་གི་ནང་དུ། སྐབས་བཅུ་བཞི་པའི་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང་ “སྲུང་སྐྱོང་གཉིས”ལག་བསྟར་ནན་མོ་བྱས་ནས། ཁུལ་ཡོངས་ཀྱི་རིགས་སོ་སའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་བྱས་ཏེ།དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ།དངོས་སྒྲུབ་ལ་མཐོང་ཆེན་བཅས་ཀྱིས་འཕེལ་རྒྱས་དམ་འཛིན་དང་དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ།  བརྟན་བརླིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས།ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་འབེབས་བྱས་པའི་ལས་འགན་དང་དམིགས་ཡུལ་ཡོངས་སུ་ལེགས་འགྲུབ་བྱུང་བ་མ་ཟད། ཁུལ་ཡོངས་ཀྱི་བྱ་གཞག་སྣ་ཚོགས་ཡར་རྒྱས་བྱུང་ཞིང་དེང་རབས་ཅན་གྱི་མཚོ་ལྷོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་སྐབས་རིམ་བྱུང་གི་ཁུལ་ཨུས་རྨང་གཞི་བཏིང་བ་དང་སྤྱི་ཚོགས་ལས་རིགས་སོ་སོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའ་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡང་ཡིན། དེའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཏང་ཡོངས་སྲོག་ཤིང་ཡིན་པའི་ངོས་ནས་སྣེ་ཁྲིད་ཕྱོགས་སྟོན་གནང་བར་རག་ལས་ཡོད།

2751116851B01C1C6B94C9F95E5FCF56.jpg

དཔའ་འཕྲང་རྡོག་ལམ་རྣོ་ལྕགས་མཛེར་མ་ཡིན། །ཡིན་ཡང་རྡོག་རྩ་སྒྲིལ་ནས་ཡང་བསྐྱར་སྐྱོད། ། ལོ་ལྔའི་ལག་ལེན་ལས་ང་ཚོར་བསླབ་བྱ་འདི་ལྟར་ཐོབ་བྱུང་སྟེ། མཚོ་ལྷོའི་བྱ་བ་སོ་སོ་ལེགས་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་མགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། རྩ་བ་བརྟན་ཞིང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱ་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་གནད་རྒྱུན་འཁྱོངས་བྱ་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་རྒྱུན་འཁྱོངས་བཅས་བྱ་དགོས་པ་རེད། མ་འོངས་པར་རྒྱང་ལྟ་བྱས་ཚེ། ད་ལྟའི་མཚོ་ལྷོ་ནི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་ཕྱོགས་སུ་བསྐྱོད་ཡོད་ལ། མ་འོངས་པའི་ལོ་ལྔ་ནི་རང་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་དང་། མགོ་འཛུགས་ས་གསར་པར་གཞི་བཅོལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཡིན། ལོ་ལྔ་པོ་འདིའི་རིང་གི་འཕེལ་རྒྱས་ལམ་བུ་ལེགས་པར་བགྲོད་ཐུབ་མིན་དེ།སྤྱི་ཡོངས་ལ་རག་ལས་ཤིང་ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པས།ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་ཡིན་པས། ང་ཚོས་ལྷོད་གཡེང་ཕྲན་བུ་ཙམ་ཡང་བྱེད་མི་རུང་།

D49250C5C23B370AD14EE76A0D6B7CD9.jpg

འགན་འཁྲི་ཕྲག་ཏུ་བླངས་ནས་འཕེལ་རྒྱས་ལ་འཆར་འགོད་དང་། རྒྱང་སྐྱོད་ལམ་བུ་གསར་པར་སླར་ཡང་ལེའུ་གསར་པ་རྩོམ་དགོས། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་ནི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རེ་བ་ཆེན་པོ་དེ་ཆུད་ཟོས་སུ་མ་བཏང་བར། ཆབ་སྲིད་ཀྱི་འགན་འཁྲིའི་ཆེན་པོ་དང་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་མཉམ་དུ་ཁུར་ནས་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་མོར་གྲོས་མོལ་བྱེད་པ་དང་འཆར་གཞི་ཉམས་ཅན་འགོད་པ། དམ་ཚིག་གཙང་མའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་འགྲུབ་ཡོང་བ་བྱས་ནས། ཚོགས་འདུ་འདི་ནི་སྔོན་རྗེས་མཐུད་པ་དང་མ་འོངས་གསར་གཏོད་ཀྱི་ཚོགས་འདུ་ཞིག་དང་། མཐུན་སྒྲིལ་དམངས་གཙོ་དང་རྒྱལ་ཁ་འཆམ་མཐུན་གྱི་ཚོགས་འདུ། མི་སེམས་ལ་སྐུལ་ལྕག་གཏོང་བ་དང་མདུན་སྐྱོད་ལ་སྐུལ་མ་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་དེ་ནི་ཐེངས་འདིའི་ཚོགས་འདུ་འཚོགས་པ་དེས་མཚོ་ལྷོ་ཁུལ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་སྒྲ་དབྱངས་་སྒྲོག་ངེས་ཡིན་ལ། རྟ་མཆོག་གིས་བང་རྩལ་འགྲན་པ་ལྟར་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་ཏུ་བསྒྲིལ་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ལ་སྐུལ་སློང་གིས་གུང་ཧོའི་གཤོང་སའི་ལྗང་མདོག་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་འདོད་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གནས་གསར་པ་ཞིག་མགྱོགས་མྱུར་ཆགས་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མཚོ་ལྷོའི་ལུའི་རྩོམ་པར་མཐུན་སྒྲིལ་འབད་བརྩོན་བྱ་རྒྱུ་དེ་ཡིན།

ཚོགས་ཆེན་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུ།

热门新闻

热门图库

热门排行