ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡ་རྒྱལ་ཁབ་ལ་ས་ཡོམ་དྲག་པོ་བྱུང་བར་ཁོ་ལོམ་པི་ཡའི་སྲིད་འཛིན་ཏེ་ལ་ཨེ་སི་ཕུའུ་ལེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡ་རྒྱལ་ཁབ་ཏུ་ས་ཡོམ་དྲག་པོ་བྱུང་བར་ཁོ་ལོམ་པི་ཡའི་སྲིད་འཛིན་ཏེ་ཨེ་སི་ཕུའུ་ལེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཁོ་ལོམ་པི་ཡ་རུ་ས་ཡོམ་དྲག་པོ་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་པ་ཤེས་རྟོགས་བྱུང་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་བ་དང་། འདས་པོ་རྣམས་ཀྱི་ནང་མི་དང་རྨས་མ་ཚོར་ལྷག་བསམ་རྣམ་དག་གི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། སྲིད་འཛིན་ཏེ་ཨེ་སི་ཕུའུ་ལེ་ཡས་མགོ་ཁྲིད་པའི་ཁོ་ལོམ་པི་ཡ་སྲིད་གཞུང་གི་སྣེ་ཁྲིད་འོག ཁོ་ལོམ་པི་ཡའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ཞིང་། ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། །