སྲིད་དོན། 详情

ཞུང་ཡོན་ལའེ་གུང་ཧོའི་འཐུས་མི་ཚོགས་པའི་གྲོས་བསྡུར་ཁྲོད་ཞུགས་སྐབས་ནན་གྱིས་བསྟན་དོན། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གུང་ཧོ་གཤོང་ས་ལྗང་མདོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་གང་ཐུབ་བྱ་དགོས།

ཟླ8པའི་ཚེས11ཉིན་གྱི་སྔ་དྲོར། ཞུང་ཡོན་ལའེ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གུང་ཧོ་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྐབས་བཅུ་བཞི་པའི་ཁུལ་ཨུའི་སྙན་ཞུ་ལ་གྲོས་ཞིབ་གནང་ཞིང་། ཁོས་བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ལྟེ་གནས་གྲོང་ཁྱེར་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་གུང་ཧོ་གཤོང་ས་ལྗང་མདོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་གང་ཐུབ་བྱ་དགོས་ཞེས་ནན་གྱིས་བསྟན།   

གྲོས་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ཀྲང་ཅུན་ལུའུ་དང་ཀྲོའུ་མིང་ཁྲང་། ཧྥུ་ཅན་ཀུའོ།  ཅིན་ཀོང་ཧུང་། ཝེ་ཆང་། ཅང་ཧུང་ལིའུ་སོགས་འཐུས་མིས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད།  ཞུང་ཡོན་ལའེ་ཡིས་ཉན་ཞོར་དུ་ཟིན་ཐོར་བཀོད་དེ་འཐུས་མི་ཚོ་དང་གླེང་མོལ་སྤེལ་རེས་བྱས་ནས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་མགོར་རེ་རེ་བཞིན་ལན་བཏབ་པ་རེད། 

     ཞུང་ཡོན་ལའེ་ཡིས་ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་གིས་ཐམས་ཅད་ལ་མགོ་ཁྲིད་བྱེད་ཀྱི་ཡོད་པ་དང་འདས་ཟིན་པའི་ལོ་ལྔའི་རིང་ཁུལ་ཡོངས་ལ་ཐོབ་པའི་གྲུབ་འབྲས་ཁག་གི་རྩ་བ་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པར་རག་ལས་ཡོད་ལ།   ལོ་ལྔའི་འཆར་གཞི་བཅོ་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ལྔ་ཡིན་ཞིང་།  མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ད་དུང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ལ་འཕྲད་སྲིད་པས།  ཐེངས་འདིར་ཏང་གི་འཐུས་མི་ཚོགས་ཆེན་བསྡུས་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་བྱས་ཏེ། འོས་འགན་གཏན་ཁེལ་དང་འགན་འཁྲི་ལག་བསྟར་སྒོས། དཀའ་ངལ་ཁྱད་བསད་དང་ལས་སྒྲུབ་གསར་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་སུ་འཇུག་ཆེད་ཡིན་ལ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་བཏོན་ཞིང་། གུང་ཧོ་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ས་ཁུལ་གཙོ་བོ་ཞིག་ཡིན་པའི་ཆ་ནས། མ་འོངས་ལོ་ལྔའི་འཕེལ་རྒྱས་ཀྱི་གོ་སྐབས་མང་ལ་བྱས་རྗེས་ཆེན་པོ་ཡོད་པས། ཚང་མས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་འགན་ལེན། སྔོན་ཐོན་བརྩོན་ལེན་བཅས་བྱས་ནས།ཁྱོན་ཡངས་པའི་གུང་ཧོའི་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་རེ་བ་བཏོན།

ཞུང་ཡོན་ལའེ་ཡིས་ཏང་འཛུགས་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་འཛིན་པ་དང་། ཆེད་དོན་བྱ་བའི་ཚན་ཁག་གི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་གཙོར་འཛིན་པའི་འདུ་ཤེས་འཛུགས་པ་བཅས་བྱས་ནས། སྡེ་བ་རིམ་པའི་ལས་དོན་བཅོས་སྐྱོང་ནང་དུ་མང་ཚོགས་ཞུགས་པར་ཁྲིད་སྟོན་བྱ་དགོས་པ་དང་། ནོར་དོན་ཚད་ལྡན་གྱིས་སྤྱི་བསྒྲགས་བྱེད་པ། དངོས་སྒྲུབ་ཀྱི་རྣམ་པར་བརྟེན་ནས། སུ་ཡིས་སྒྲུབ་པ་དང་སུ་ཡིས་དོ་དམ་བྱེད་པའི་གནད་དོན་ཐག་བཅད་དེ། གཞི་རིམ་བཅོས་སྐྱོང་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྡེ་བ་རིམ་པའི་ཐོན་སྐྱེད་འཕེལ་རྒྱས་ཀུང་ཟི་ཚད་ལྡན་ངང་འཁོར་སྐྱོད་བྱེད་དགོས་པ་དང་། མ་རྩ་གསུམ་གྱི་དོ་དམ་ལ་ཤུགས་བསྣན་ཏེ། གུན་ཚབ་ལས་སྤྲོད་ཀྱི་ལས་གཞི་ལ་བརྟེན་ནས་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་ལས་ཞུགས་ཐུབ་པ་དང་ཡོང་སྒོ་བཙལ་ཐུབ་པར་བྱ་དགོས། གུང་ཧོའི་སློབ་གསོ་སོགས་ཀྱི་ཐོན་ཁུངས་ལེགས་པོར་བརྟེན་ནས། མཐའ་འཁོར་ས་ཁུལ་ལ་ཁྱབ་པའི་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། ཞིང་སྡེའི་སྡོད་ཁང་གི་ཡོམ་འགོག་ནུས་པ་ཇེ་བརྟན་དུ་གཏོང་བ་དང་། ཁང་པའི་བདེ་འཇགས་འགན་སྲུང་བྱེད་པ།བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་། སྒོ་ར་ལེགས་བཅོས་མཐོར་འདེགས་སོགས་ཀྱི་དམངས་ཚིས་བཟོ་སྐྲུན་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་རྨང་གཞིའི་སྒྲིག་ཆས་ཀྱི་ཆད་ལྷག་གསབ་སྣོན་བྱེད་དགོས། དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ནུས་ཁུངས་གཙང་མའི་སྒྲིག་ཆས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ལྗང་གློག་ཐད་རྒྱུག་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་དང་ལུས་རྩལ།རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱེད་དགོས་པ་མ་ཟད། ཚོང་འགུག་དངུལ་འདྲེན་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཁྱད་ལྡན་ཐོན་ལས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན། དྲིལ་བསྒྲགས་བཅས་བྱ་རྒྱུར་དམ་འཛིན་བྱས་ཏེ། སྒྲོག་འགྲེལ་ནན་མོ་བྱེད་པ་དང་། ལས་འགན་ཞིབ་ཕྲ་བཟོ་བ། བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་བཅས་བྱས་ནས། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་གང་ལེགས་བྱ་དགོས་ཞེས་ནན་གྱིས་བསྟན།  


热门新闻

热门图库

热门排行