ཞུང་ཡོན་ལའེ་ཁྲི་ཀའི་འཐུས་མི་ཚོགས་པའི་གྲོས་བསྡུར་ཁྲོད་ཞུགས་སྐབས་བསྟན་དོན། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་ནས། ཁྲི་ཀའི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་འབད་འཐབ་བྱ་དགོས།
ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོར། ཞུང་ཡོན་ལའེ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཁྲི་ཀའི་འཐུས་མི་ཚོགས་པའི་ཁྲོད་ཞུགས་ནས། འཐུས་མི་དང་མཉམ་དུ་ཁུལ་ཨུ་དང་ཁུལ་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་རེད།
འཐུས་མིའི་གཏམ་བཤད་ལ་ནན་གྱིས་ཉན་རྗེས། ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་སྙན་ཞུ་ལས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབད་འཐབ་བྱས་པའི་གྲུབ་འབྲས་དང་། ཐུན་མོང་གི་བློ་གྲོས་ཉིང་བཅུད་དང་ཐུན་མོང་གི་འདོད་བློ་བཅས་མཚོན་ཡོད། སྙན་ཞུའི་ནང་སླད་ཕྱིན་ལོ་ལྔའི་ཁུལ་ཡོངས་ཀྱི་འཕེལ་རྒྱས་འཆར་འགོད་བཟོས་ཡོད་པ་དང་། འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་ཡི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཡོད་ལ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱ་དགོས་པ་དེ་རེད། ཁུལ་སྒྲིག་ཨུའི་བྱ་བའི་སྙན་ཞུ་དང་ཁུལ་ཨུའི་སྙན་ཞུ་གཉིས་གཅིག་མཐུན་འབྲེལ་མཐུད་ཡིན་པས། ཁུལ་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས་ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་འགན་འཁྲིའི་འཁུར་སེམས་མཚོན་པར་བྱ་དགོས་ཞེས་བསྟན།
ཞུང་ཡོན་ལའེ་ཡིས་ཁྲི་ཀ་རྫོང་གིས་འགན་འཁྲིའི་འཁུར་སེམས་ལ་ཤུགས་སྣོན་པ་དང་། བསམ་བློའི་ཐད་གཅིག་གྱུར་དང་བྱ་སྤྱོད་ཐད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དཀའ་བ་ཁྱད་བསད་ཀྱིས་ཁྲི་ཀའི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ལ། གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བར་འཛིན་པ་དང་དངོས་སྒྲུབ་དངོས་འབྲས་ཀྱི་རང་རྟོགས་བྱ་སྤྱོད་ལ་བརྟེན་ནས་གཏན་འཁེལ་གཉིས་ལ་བརྩི་སྲུང་དང་། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱ་དགོས། སྲིད་ཇུས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་ཞིབ་འཇུག་ནན་མོ་བྱ་དགོས་ཏེ། ལོ་རྒྱུས་ཐོག་ལྷག་པའི་གནད་དོན་གྱི་འབྱུང་རྐྱེན་ལ་བསམ་བློ་ཞིབ་མོ་གཏོང་བ་དང་། སྲིད་ཇུས་དང་ཁྲིམས་སྲོལ་ཁག་ལ་སྔར་ལས་ལྷག་པའི་སྒོ་ནས་གོ་བ་གཏིང་ཟབ་ལེན་པ་དང་། བསམ་གཞིགས་དང་ཞིབ་འཇུག་བྱེད་པར་བརྩོན་པ་བྱས་ནས་ལས་རིགས་ཁྲོད་ཀྱི་འཇོན་མི་ཞིག་བྱེད་པར་བརྩོན་ལེན་བྱ་དགོས་ལ། གྲང་ཚལ་དང་འཁྱག་ཆུའི་ཉ་གསོ་སྤེལ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བྱ་བར་ལེགས་པར་སྒྲུབ་པ་དང། ལས་གཞི་གལ་ཆེན་ལ་འཆར་འགོད་ལེགས་པོ་བྱེད་པ། ལྷག་པར་དུ་སྨན་བཅོས་འགན་སྲུང་སོགས་དམངས་ཕན་སྲིད་ཇུས་ནང་བྱན་ཆུད་པར་བྱས་ནས། དྲིལ་སྒྲོག་བྱ་བ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཁྱིམ་དུ་ཐོན་པར་བྱ་དགོས། ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་མཐུད་རྗེས་སྐྱོང་གི་འགག་རྩའི་ལོ་ལྔ་ཡིན་པས། ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་གཞིར་བཟུང་ནས། ལག་བསྟར་བྱེད་ཤུགས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་སྔར་ལས་ཞིབ་ཕྲ་ཅན་དང་དངོས་གཉེར་ཅན་དུ་བསྒྱུར་བ། བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་ཐད་ཤུགས་སྣོན་པ་བཅས་བྱས་ནས། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁྲི་ཀའི་བྱ་བའི་མགོ་འཛུགས་ས་དང་ཟུང་འབྲེལ་བྱེད་ས། དོན་འཁྱོལ་བྱེད་ས་བཅས་གནད་ལ་འཁེལ་བར་བྱ་དགོས། མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་དགོས་ཏེ། ཅན་བཅུའི་ཏང་འཛུགས་བྱ་བ་དམ་འཛིན་བྱ་རྒྱུ་གཙོར་བཟུང་ནས། མང་ཚོགས་ལ་སྐུལ་སློང་དང་རྩ་འཛུགས་ལེགས་པོ་བྱེད་པ་དང་། གཞུང་ལམ་ལེགས་བཅོས། ཤིང་སྡོང་དང་རྩྭ་རྩི་ཤིང་འདེབས་འཛུགས། གནོད་འབུ་སྔོན་འགོག་སོགས་བྱ་བའི་གུན་ཚབ་ལས་སྤྲོད་ལས་གཞི་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ། ཞིང་སྡེའི་མ་རྩ་གསུམ་ལེགས་པར་སྤྱོད་པ། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ནང་སྡེ་མི་རྣམས་ཟབ་ཞུགས་པར་སྐུལ་སློང་བྱས་ཏེ་དེ་ལས་ཕན་པ་དངོས་དང་ཡོང་འབབ་མང་པོ་ཐོབ་པར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་གཅིག་སྒྲིལ་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།