གནས་ཚུལ། 详情

གུང་ཧོ་རྫོང་གིས་མཚོ་སྔོན་པོའི་ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་བསྩལ་བ།

ད་ལོའི་ཚུན་དུ།གུང་ཧོ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ས་ཁུལ་འཛུགས་སྐྲུན་གྱི་བྱ་བ་གཙིགས་སུ་བཟུང་ནས།སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ།ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་ཤུགས་བརྒྱབ་ཏེ།འགན་སྡུར་གྱི་བྱེད་སྒོ་སྣ་མང་སྤེལ་བ་དང་འཛད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་གཏིང་ཟབ་མཉམ་འདྲེས་བྱས་ཏེ།མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་དུས་ཚིགས་ཅན་གྱི་ཚ་རླབས་ནས་ཁྱབ་ཁོངས་ཡོངས་སུ་ངོ་མཚར་ལྟ་ན་སྡུག་པའི་རྣམ་པ་རུ་བསྒྱུར་བ་དང་།ཡུལ་སྐོར་བ་ཆེས་མང་བའི་སྐབས་ནས་བཟུང་རྫོང་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཚ་རླབས་རབ་ཏུ་རྒྱས་ཏེ་མཚོ་སྐོར་ས་ཁུལ་གྱི་ཕྱོགས་བསྡུས་ཕན་འབྲས་གཏན་འཇགས་འཕེལ་རྒྱས་སུ་སོང་བ་དང་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ།

ཡུལ་སྐོར་བས་མྱོང་རོལ་བྱེད་པར་ཞབས་ཞུ་གང་ལེགས་བསྐྲུན་ཡོད། ཡུལ་སྐོར་བའི་ཟ་ཁང་དང་མགྲོན་ཁང་།རོལ་རྩེད་དང་ཉོ་ཚོང་གི་དགོས་མཁོ་ལ་དམིགས་ནས།གུང་ཧོ་རྫོང་གིས་ཡུལ་སྐོར་ཞབས་ཞུའི་ཇེ་བཟང་དུ་བཏང་བ་དང་།རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་བ།མཚོ་སྐོར་ས་ཁུལ་གྱི་ལྷོ་རྒྱུད་དུ་བྱམས་བརྩེ་གསལ་འདེབས་66དང་དུ་བ་འཐེན་སའི་གནས་35མོག་རུས་སྡེ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད་པ་དང་།ཡུལ་སྐོར་བ་ལ་ཚད་ལྡན་གྱིས་རླངས་འཁོར་འཇོག་པ་དང་སྤྱོད་ཡོན་ལྡན་པའི་སྒོ་ནས་ཡུལ་སྐོར་བྱེད་པར་སྣེ་ཁྲིད་བྱས།དུང་དཀར་གནས་སྒོ་ཡི་ཤིང་སྐས་འགྲོ་ལམ་ཞིག་གསོ་དང་པན་ཆེན་ལབ་ཙེ་སོགས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ།རྨོག་རུ་སྡེ་བའི་གཞུང་ལམ་མཛེས་བཟོ་དང་མཚོ་སྔོན་པོའི་ལྷོ་རིའི་རྒྱང་ལྟའི་ས་ཚིགས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་གྱི་རྣམ་གྲངས་6འཛུགས་སྐྲུན་བྱས་པར།སྤྱི་བསྡོམས་པས་སྒོར་ཁྲི་141.71བཏང་ནས།མཚོ་སྐོར་ས་ཁུལ་གྱི་སྤྱི་བའི་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་ཅན་དུ་བཏང་ཡོད་པས།ཡུལ་སྐོར་བས་མྱོང་རོལ་དང་འགྲོ་འོང་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད།ཞབས་ཞུའི་སྤུས་ཀ་ཇེ་ལེགས་སུ་བཏང་ནས་ཕྱོགས་གསུམ་པའི་སྲུང་སྐྱོང་དོ་དམ་ཚོགས་པས་མཚོ་སྐོར་ལྷོ་རྒྱུད་ཀྱི་ཡུལ་སྐོར་སྤྱི་སྤྱོད་གསང་སྤྱོད་རྒྱུན་ལྡན་ངང་བེད་སྤྱོད་དང་ཞིག་གསོ་དོ་དམ་བྱས་པ་དང་།ཚོང་ལས་ལ་བརྟེན་ནས་གསང་སྤྱོད་ཁང་ཞིག་གསོ་བྱེད་པའི་རྣམ་པ་གསར་གཏོད་བྱས་པ་དང་།འདི་ལ་མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་ཆེད་དོན་བཅར་འདྲི་བྱས་པར་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ཁས་ལེན་གང་ལེགས་ཐོབ།རྟ་ནག་མ་གྲོང་རྡལ་གྱི་པན་ཆེན་ལབ་ཙེ་ལྗོངས་ཁུལ་དུ་སྐྱེལ་འདྲེན་རླངས་འཁོར་20བཀོད་སྒྲིག་བྱས་ཏེ་ལྗོངས་ཁུལ་ནང་ཁུལ་གྱི་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་བཏང་།གུང་ཧོའི་ཁྱད་ལྡན་བཟའ་བཏུང་གི་ཚོང་རྟགས་བསྐྲུན་པ་དང་མཚོ་སྐོར་ལྷོ་རྒྱུད་ཀྱི་ཡུལ་སྐོར་ཞབས་ཞུའི་རྣམ་པ་སྔར་ལས་ཇེ་ལེགས་སུ་བཏང་སྟེ།མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཡུལ་སྐོར་བ་གནས་ལེན་དང་ཞབས་ཞུའི་རྣམ་འགྱུར་སྔར་ལས་ཇེ་བཟང་ཇེ་ལེགས་སུ་བཏང་།

སྒྲིག་ལམ་ཚད་ལྡན་ཅན་དུ་བཏང་ནས་ཁྲོམ་རའི་ཁོར་ཡུག་ལེགས་པོ་བསྐྲུན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གང་འདོད་དུ་ཡུལ་སྐོར་འགྲོ་ལམ་ཕྱེ་བ་དང་ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པའི་གནད་དོན་ལ་དམིགས་ནས།སྤྱི་བདེ་དང་ཚོང་ར་ལྟ་སྐུལ།ཕྱོགས་བསྡུས་ཁྲིམས་འཛིན་བཅས་ཀྱི་སྡེ་ཁག་དུ་མ་མཉམ་འབྲེལ་གྱིས་འབྲེལ་ཡོད་ཞང་དང་གྲོང་རྡལ་དང་མཉམ་འབྲེལ་བྱས་ཏེ་གནད་དོན་བཅོས་སྐྱོང་བྱས། སྒེར་ནས་གང་འདོད་དུ་ཡུལ་སྐོར་འགྲོ་ལམ་བཟོ་བར་དམིགས་ནས་ལྕགས་རའི་རིང་ཚད་ལ་སྤྱི་ལེ་43ཅན་གྱི་ལྕགས་ར་བསྐོར་བ་དང་།ཡུལ་སྐོར་བར་སྐུལ་མ་བྱས་ནས་མི་1023དང་རླངས་འཁོར་355ཕྱིར་འགྲོ་རུ་བཅུག་པས།མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་གྱི་སྣང་ཚུལ་མི་བཟང་བའི་གནད་དོན་བཅོས་སྐྱོང་བྱས།ཟས་རིགས་བདེ་འཇགས་དང་རིག་གོང་ལྟ་རྟོགའཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅས་ལ་དམིགས་ནས།མཚོ་སྐོར་ལྷོ་རྒྱུད་ཀྱི་གཙོ་གཉེར་ཚོང་ར་170ལ་ཞིབ་བཤེར་དང་གནད་དོན་བཅོས་སྒྱུར་བྱེད་ཏུ་བཅུག་པ་དང་།བརྡ་སྦྱོར་བཏང་ནས་བཅོས་སྒྱུར་བྱས་པ་21ཡོད།

མཚོ་སྐོར་ལམ་རྒྱུད་ཀྱིས་སྒྲིག་འགལ་ངང་གྲོན་དངུལ་བསྡུ་བ་དང་གཞུང་ལམ་གྱི་གཡས་གཡོན་དང་མཚོ་འགྲམ་ནས་མི་སྒེར་གྱིས་སྤྲོ་གསེང་བྱེད་ས་སོགས་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱས།ཡུལ་སྐོར་བའི་ཞུ་གཏུག་དུས་ཐོག་ཏུ་དང་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ།རིམ་རྩིས་བྱས་ན་མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་འཛད་སྤྱོད་ཞུ་གཏུག་113ཐག་གཅོད་བྱས་ཤིང་།ཡུལ་སྐོར་བའི་དཔལ་འབྱོར་གྱི་གྱོང་གུན་སྒོར་5076.8ཕྱིར་བླངས།   ཡུལ་སྐོར་བ་མང་བའི་དུས་ཚིགས་ནས་བཟུང་།  རྫོང་ཡོངས་སུ་ཡུལ་སྐོར་གྱི་བདེ་འཇགས་དོན་རྐྱེན་དང་དེ་བཞིན་དུ་ཡུལ་སྐོར་ཞུ་གཏུག་གི་དོན་རྐྱེན་ཚབས་ཆེན་བྱུང་མེད་པས།  ཡུལ་སྐོར་གྱི་ཁྲོམ་ར་སྒྲིག་ལམ་ཡོད་པ་དང་ཡུལ་སྐོར་བའི་ཞུ་གཏུག་བྱེད་པའི་གནད་དོན་མུ་མཐུད་དུ་ཇེ་ཉུང་དུ་ཕྱིན་ཡོད།མཚོ་སྐོར་ཡུལ་སྐོར་གྱི་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་སུ་གཏོང་བར་ཇེ་ཆེར་བཏང་། འགྲན་སྡུར་གྱི་བྱེད་སྣ་ཚོགས་སྤེལ་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་བྱས་ཤིང་།མཚོ་སྔོན་པོ་འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་དང་བྱེད་སྒོ་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་སུ་བཏང་སྟེ།འཛད་སྤྱོད་ལ་སྐུལ་འདེད་བྱེད་པར་ནུས་པ་གལ་ཆེན་ཐོན།རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འགྲན་སྡུར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས།མཚོ་སྔོན་པོ་རྟགས་མའི་རྟ་རྒྱུག་འགྲན་ཚོགས་སྐབས་གཉིས་པ་དང་འཆམ་མཛེས་གུང་ཧོའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དགུ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གྱི་དགའ་སྟོན་བདེ་ལེགས་ངང་འཚོགས་ཤིང་།རྟ་རྒྱུག་འགྲན་སྡུར་གྱི་སྐབས་གུང་ཧོ་རྫོང་གི་འཚོལ་བཤེར་བྱེད་ཚད་ཟླ་བ་གོང་མ་ལས་87%འཕར་བ་དང་།མཚོ་སྔོན་དུ་འཕུར་བའི་གནམ་གྲུའི་སྤ་སེ་སྔོན་བཀོད་བྱེད་ཚད་རྒྱུན་གཏན་ལས་46%འཕར་བ་དང་།  ཉེ་འཁོར་གྱི་མགྲོན་ཁང་སྔོན་བཀོད་བྱེད་ཚད་41%འཕར་བ།   ཡུལ་སྐོར་བའི་ཆ་སྙོམས་ཀྱི་འདུག་ཡུན་ནི་ཉིན་གཅིག་ནས་གཉིས་བར་ཡིན་པས།རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལས་རིགས་མཉམ་འདྲེས་གཏིང་ཟབ་དུ་བཏང་ནས་མཚོ་སྐོར་འགྲན་སྡུར་གྱི་བྱེད་སྒོར་བརྟེན་ནས།མཚོ་ལྷོ་ནས་མངག་ཉོ་བྱས་ཚེ་བྱ་དགའ་ཡོད་པའི་འཛིན་ཤོག་དང་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་འཛད་སྤྱོད་ཟླ་བ་སོགས་ཀྱི་དམངས་ཕན་བྱ་འགུལ་སྤེལ།གུང་ཧོའི་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཆེད་དོན་འོས་སྦྱོར་བྱས་ཏེ་རང་ས་གནས་ཀྱི་བོད་ལུག་དང་ནོར་ནགནས། མཐོ་སྒང་གི་ཆུ་གྲང་ཉ་སོགས་ཀྱི་ལྷད་མེད་ཞིང་ཕྱུགས་ཐོན་རྫས་དག་འགྲེམས་ཚོང་བྱས་པས།དྲ་ལམ་དང་ཡུལ་དངོས་ནས་ཡོང་འབབ་སྒོར་ཁྲི་23.565བཏོན་ཡོད་པ་རེད། ཤུལ་བཞག་རིག་གནས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། གཞི་རྒྱ་ཆེས་ཆེ་བའི་བོད་རིགས་ཀྱི་སྒྲ་སྙན་རྡུང་ལེན་གྱི་འགྲན་སྡུར་བྱེད་སྒོ་བདེ་ལེགས་ངང་སྤེལ་བས།ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གང་ལེགས་བྱས།  མིག་སྔའི་བར་དུ་གུང་ཧོ་རྫོང་ལ་རིམ་རྩིས་བྱས་ན་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་ཡིག་ཐོབ། དེ་མིན་གཞི་རྒྱ་ཆེས་ཆེ་བའི་བོད་རིགས་མཛའ་གཞས་དང་གཞི་རྒྱ་ཆེས་ཆེ་བའི་ཨ་མདོ་བོད་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་སོགས་ལ་སྔ་རྗེས་སུ་འཛམ་གླིང་རིམ་པའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ།ཤུལ་བཞག་རིག་གནས་ཀྱི་་IPཡི་ནུས་པ་རྒྱུན་མཐུད་ངང་ཐོན་པ་དེའི་མཚོ་སྐོར་ཡུལ་སྐོར་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ངོམ་པ་དང་།  འཆམ་མཛེས་གུང་ཧོ་ཡི་མི་རྣམས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་ཕྱིན་ཡོད། ད་ལོ་ནས་བཟུང་།  མཚོ་སྐོར་ས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་214.96སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་79535.2སླེབས་ཡོད་པས། མཚོ་སྐོར་གྱི་ཡུལ་སྐོར་ལས་དོན་ལ་འཕེལ་རྒྱས་བྱུང་བར་ནུས་པ་གལ་ཆེན་ཞིག་ཐོན།   

热门新闻

热门图库

热门排行