སྲིད་དོན། 详情

ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

2026-08-11 16:56:23 来源: 作者: 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་བཅས་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ཡིད་ཆེས་བརྟན་པོ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་ལེན་པར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན། 

熊元来同志代表中国共产党海南藏族自治州第十四届委员会向大会作报告。记者肖玉珍摄.jpg

བློ་མཐུན་ཞུང་ཡོན་ལའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་ཞུ་ཕུལ་བཞིན་པ། 

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞུང་ཡོན་ལའེ་དང་དོན་གྲུབ། ཏའེ་མིང་ཅེ། ཀའོ་ཡུང་ཧུང་། ཀྲང་ཅུན་ལུའུ།ལིའུ་ཡན། སུན་ཅུན་ཞཱ། ཀྲེང་ཕིང་ཞན། ཏེང་ཧྲེང་ཕེང་། ཝང་ཅི་ཏུ། ཀྲང་ཏུ་ཞན། ལི་ཝེ། ཀང་ཧྥུའུ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཞི་པའི་སྐབས་བརྗེའི་ལྟ་སྐུལ་ཚན་ཆུང་ཚོགས་ཆེན་ལ་མཛུབ་སྟོན་གནང་བར་ཕེབས་པ་དང་། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་དངོས་སུ་ཞུགས་ཡོད་པའི་འཐུས་མི249ཡིན་པས་གཏན་འཁེལ་མི་གྲངས་དང་མཐུན། དོན་གྲུབ་ཀྱིས་ཚོགས་ཆེན་ལ་མགོ་འཛིན་གནང་།

སྔ་དྲོའི་ཆུ་ཚོད9པར་ཚོགས་ཆེན་མགོ་བརྩམས་པ་དང་ཚོགས་ར་ཡོངས་སུ་རྒྱལ་གླུས་ཁྱབ་ཡོད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞུང་ཡོན་ལའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ《ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་དང་དངོས་སྒྲུབ་འབད་འཐབ་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པར་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་ལེན་པར་མཐུན་སྒྲིལ་འབད་འཐབ་བྱ་དགོས》ཞེས་པའི་སྙན་ཞུ་ཕུལ་བ་དང་། ཁུལ་སྒྲིག་ཨུའི་སྐབས་བཅུ་བཞི་པས་ཚོགས་ཆེན་ལ《ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་འགན་འཁྲི་དང་ལས་འགན་ཁོང་དུ་ཆུད་པར་བྱས་ནས་ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་ལེན་པར་འགན་སྲུང་བརྟན་པོ་བྱ་དགོས》ཞེས་པའི་སྙན་ཞུ་ཕུལ། ཚོགས་ཆེན་ལས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པའི་ཚུན་གྱི་ལོ་ལྔ་ནི་ཁུལ་ཡོངས་ཀྱིས་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་གྲུབ་འབྲས་གལ་ཆེན་བླངས་པའི་ལོ་ལྔ་ཡིན་པ་དང་། ལོ་ལྔའི་རིང་ལ་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། གཏན་འཁེལ་གཉིས་ལ་བརྩི་སྲུང་ལེགས་པོ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། དྲིན་གཟོ་ཤེས་པ་དང་བརྩེ་བ་ཡོད་པ། དངོས་དོན་སྒྲུབ་པ་བཅས་བྱས་ནས། སྲུང་སྐྱོང་གཙོར་འཛིན་པ་དང་རིམ་སྒྱུར་རིམ་སྤར། གསར་གཏོད་བཅོས་སྒྱུར། མི་དམངས་བླ་ན་མེད་པ། མཉམ་སྐྲུན་མཉམ་སྤྱོད། རྨང་གཞི་བརྟན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་འཕེལ་རྒྱས་དམ་འཛིན་དང་དམངས་ཕན་དངོས་གཉེར། ཉེན་ཁ་སྔོན་འགོག་དང་གཏན་འཇགས་སྐུལ་འདེད་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་དང་ཕྱོགས་བསྡུས་སྟོབས་ཤུགས། འཕེལ་རྒྱས་ཀྱི་སྒུལ་ནུས། དམངས་འཚོའི་བདེ་སྐྱིད། གཞི་རིམ་བཅོས་སྐྱོང་། ཏང་གི་འཛུགས་སྐྲུན་བཅས་ཀྱི་བྱ་གཞག་སོ་སོའི་ཐད་གཡུར་ཟའི་གྲུབ་འབྲས་བླངས་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་བའི་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོ་སྤོས་ཡོད་པ་བསྟན། 

8月11日上午,中国共产党海南藏族自治州第十五次代表大会隆重开幕。记者肖玉珍摄.jpg

ཟླ་8ཚེས་11ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

ཚོགས་ཆེན་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ནི་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་དེ་སྤྱི་ཡོངས་ནས་ཡར་འཕར་བའི་དུས་སྐབས་དང་སྐྱེ་ཁམས་ཀྱི་དགེ་མཚན་བསྒྱུར་བའི་གནད་འགག་གི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་ཀྱི་དུས་སྐབས་བཅས་སུ་སླེབས་ཡོད་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཁ་གཏད་རོགས་སྐྱོར་མཉམ་ལས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་གྱི་ཚོད་ལྟའི་ས་ཁུལ་སོགས་རྒྱལ་རྟགས་ཅན་གྱི་སྤུས་རྟགས་སྐྲུན་ཏེ། སྐྱེ་ཁམས་ར་བ་ཆེན་མོ་གསུམ་གྱི་ཁྲོད་དུ་གནས་ཤིང་གནས་བཞིའི་ཐོན་ལས་ཀྱི་དགེ་མཚན་ཡང་ལྡན་པའི་མཚོ་ལྷོ་ཁུལ་གྱི་འཐབ་ཇུས་གོ་གནས་དེ་སྔར་བས་མངོན་གསལ་དང་སྐྱེ་ཁམས་ཀྱི་རིན་ཐང་སྔར་ལས་ལེགས་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་དང་གནས་ཚད་སྔར་ལས་མཐོ་བ། བར་སྟོང་སྔར་ལས་ཆེ་བ། ཡིད་ཆེས་སྔར་ལས་བརྟན་པ། རེ་འདུན་སྔར་ལས་གསལ་བ་བཅས་ཡིན་པས། ད་ལྟ་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་ཤིག་ལ་འཕྲད་ཡོད་ཅེས་བསྟན། 

ཚོགས་ཆེན་ལས་སླད་ཕྱིན་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་དང་སྔར་བས་གལ་འགངས་ཆེ་བ་གསུམ་གྱི་འཐབ་ཇུས་གནས་བབ་ལ་གཞི་བཙུགས་ཏེ། རྒྱུན་འཁྱོངས་བྱེད་པ་གསུམ་གྱི་ལག་ལེན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་ཞབས་འདེགས་བྱས་ནས། ཞིང་ཆེན་ཏང་ཨུའི་ཡང་དག་པའི་སྣེ་ཁྲིད་འོག དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་འཛིན་པ། རིགས་སོ་སོའི་མང་ཚོགས་ཀྱི་མ་འོངས་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྩ་བའི་འགན་སྲུང་དུ་འཛིན་པ་བཅས་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་སྤེལ་དུ་གཏོང་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་མཛེས་སྡུག་དང་འཕེལ་རྒྱས། བདེ་སྐྱིད། འཆམ་མཐུན། མཐུན་སྒྲིལ། སྤྱོད་གཙང་བཅས་ཀྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱས་ནས། གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་མགྱོགས་མྱུར་གྱིས་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་བ་ལེན་པར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན། 

ཚོགས་ཆེན་ལས་སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་འབེན་གཙོ་བོ་ནི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་སྟེ། དེ་དག་ནི་སྔོན་ཐོན་བརྩོན་ལེན་ལྔ་སྒུལ་ཤུགས་སུ་བྱས་ནས། གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གཙོ་བོའི་འཕར་གཞི་གསར་པ་མགྱོགས་མྱུར་ངང་ཆགས་པར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚོ་ལྷོའི་མ་དཔེ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་མཚོ་ལྷོའི་མ་དཔེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཚོ་ལྷོའི་མ་དཔེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཚོ་ལྷོའི་མ་དཔེ་བཅས་བཏོད་ནས། དཔལ་འབྱོར་འཕེལ་རྒྱས་དང་མཁར་གྲོང་འཛུགས་སྐྲུན། དམངས་འཚོའི་བྱ་བཞག བསམ་པའི་དཔལ་ཡོན། གཞི་རིམ་ཏང་འཛུགས་བཅས་ཀྱི་ཐད་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན།

ཚོགས་ཆེན་ལས་སྐྱེ་ཁམས་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ལྗང་སྒྱུར་ལ་རྨང་གཞི་བརྟན་པོ་བཞག་ནས། སྤུས་ཚད་སྔར་ལས་མཐོ་བའི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བརྟན་པོར་ཁུར་བ་དང་། ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་རོལ་སྟངས་ཆགས་པར་བྱེད་པ། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོའི་དགེ་མཚན་སྲ་བརྟན་དུ་གཏོང་བ། གསེར་རི་དངུལ་རིའི་གབ་ཤུགས་སྔོག་འདོན་བཅས་བྱས་ནས། སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། དྭངས་ཤིང་གཙང་བའི་ཆུ་མོ་དང་སྔོ་ཞིང་བསངས་པའི་ནམ་མཁའ། དག་གཙང་གི་ས་གཞི་བཅས་ནི་མཚོ་ལྷོའི་ཆེས་མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་ཤིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་གྱིས་བསྟན།  

ཚོགས་ཆེན་ལས་ཐོན་ལས་ཀྱིས་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་སྤུས་ཚད་སྔར་ལས་མཐོ་བའི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་དགོས། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མའི་ཤོང་ཚད་རྒྱ་སྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བ། ལྗང་མདོག་གློག་རྩིས་མཉམ་འདྲེས་ཡོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་རིམ་སྤར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་བརྟན་པོའི་ངང་ནས་འདྲེན་རྒྱ་ཆེ་རུ་གཏོང་བ། གསར་གཏོད་སྐུལ་འདེད་ལ་བརྟེན་ནས་ནུས་ཤུགས་གསོག་པ་དང་། ནང་མཁོའི་བག་ཤུགས་སྐྱེད་སྲིང་། སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། བཅོས་སྒྱུར་ཟབ་སྤེལ་གྱི་བཀག་རྒྱ་གཏོར་བ་བཅས་ཀྱི་འགུལ་སྐྱོད་བརྒྱད་ལག་བསྟར་བྱ་དགོས་ཤིང་། ལྗང་མདོག་སྣེ་ཁྲིད་དང་གསར་གཏོད་སྐུལ་འདེད། མཉམ་སྒྲུབ་ལས་ཆོད་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་འཛུགས་པ་བཅས་ཀྱིས་མཚོ་ལྷོའི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས་ཞེས་བསྟན།

ཚོགས་ཆེན་ལས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་དང་ཐུན་མོང་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་ནས་སྤུས་ཚད་སྔར་ལས་མཐོ་བའི་དེང་རབས་ཅན་གྱི་བདེ་སྐྱིད་ལྡན་པའི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་དགོས།   མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་།  མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་བདེ་ཐང་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ།  དམངས་འཚོའི་རྩིས་ཁྲ་རེ་རེ་ནི་དུད་ཁྱིམ་ཚང་མའི་བདེ་སྐྱིད་རྩིས་ཁྲར་འགྱུར་བར་བྱས་ནས།  མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་སྤུས་ཚད་ལྡན་པ་དང་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན།   

ཚོགས་ཆེན་ལས་གཞི་རིམ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། བདེ་འཇགས་ཁྱིམ་གཞིས་མཉམ་བསྐྲུན་བྱས་ཏེ། སྔར་ལས་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་འཆམ་མཐུན་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་ནི་ཁུལ་ཡོངས་ཀྱི་བྱ་བ་སོ་སོའི་ཁ་ཕྱོགས་གཙོར་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆོས་ལུགས་བྱ་བའི་དོ་དམ་ལ་ཤུགས་སྣོན་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་ཞིག་ཆགས་དགོས་པ་མ་ཟད། འདུ་ཤེས་འཛིན་སྟངས་ཀྱི་གནས་གཙོ་བོ་བརྟན་སྲུང་དང་། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱི་བའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། མཚོ་ལྷོའི་ས་གཞི་ཀུན་ལ་བདེ་འཇགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཆགས་སུ་འཇུག་དགོས་ཞེས་བསྟན།  

ཚོགས་ཆེན་ལས་ཏང་འཛུགས་ཁྲིད་སྟོན་རྒྱུན་འཁྱོངས་དང་འགན་འཁྲི་ཁུར་བར་སྐུལ་མ་བཏང་ནས། སྔར་ལས་ནུས་པ་མཐོ་བའི་དེང་རབས་ཅན་གྱི་སྤྱོད་གཙང་གི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ལ་ལྷག་བསམ་རྣམ་དག་གིས་བློ་དཀར་བ། བསམ་བློའི་རྨང་གཞི་བརྟན་པོར་གཏོང་བ། ཅན་བཅུའི་ཏང་འཛུགས་ལ་སྐུལ་འདེད་གཏོང་བ། འཇོན་མིའི་དཔུང་སྡེ་ལེགས་པོ་སྐྱེད་སྲིང་བྱེད་པ། དངོས་གཉེར་གྱི་བྱ་བའི་སྤྱོད་ལམ་སྦྱོང་བརྡར་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་བསྐྲུན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་བསྐྲུན་པར་ཆབ་སྲིད་ཀྱི་འགན་སྲུང་ལེགས་པོ་འདོན་སྤྲོད་བྱ་དགོས་ཞེས་བསྟན།

ཚོགས་ཆེན་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། རིགས་སོ་སོའི་ལས་བྱེད་མང་ཚོགས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག བློ་གཅིག་སེམས་གཅིག་གིས་འབད་བརྩོན་དང་བློ་ཐག་རྦད་ཆོད་ཀྱིས་མུ་མཐུད་དུ་མདུན་དུ་བསྐྱོད་དེ། དུས་དང་རྣམ་པ་ཀུན་ཏུ་འཆར་འགོད་ལེགས་པོ་བཟོས་ཏེ་མུ་མཐུད་དུ་བྱ་བ་ལེགས་པོར་བསྒྲུབ་ནས། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གཙོ་བོའི་འཕར་གཞི་གསར་པ་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་ལེན་པར་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་འབོད་སྐུལ་བཏང་།།

热门新闻

热门图库

热门排行