གནད་བསྡུས། 详情

མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པ་བསྡུས།

 ཟླ8པའི་ཚེས7ཉིན་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཧྥན་རུན་ཡོན་གྱིས་ཚོགས་འདུར་མགོ་འཛིན་གནང་བ་དང་།  ཀྲུའུ་རེན་གཞོན་པ་ཀེང་ཧྲེང་ཁྲེང་དང་མ་ཧྲའོ་ཧྥུའུ། དེ་མིན་ཨུ་ཡོན་བཅས་ཁྱོན་བསྡོམས་མི23ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུ་ལས་ཁུལ་མི་དམངས་སྲིད་གཞུང་གི་མཚོ་ལྷོ་ཁུལ་གྱི2025ལོའི་ཁུལ་ཐད་གཏོགས་རིམ་པའི་ནོར་སྲིད་ངེས་རྩིས་སྐོར་གྱི་སྙན་ཞུ་དང་།  2025ལོའི་ཁུལ་ཐད་གཏོགས་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་བྱ་བའི་སྙན་ཞུ།  2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་དང་གཏོང་ཡོང་གི་སྔོན་རྩིས་དེར་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུའི་སྐོར་སྙན་ཞུ།  2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། 2026ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན་ནས་གྲོས་ཞིབ་བྱས་ཤིང་། ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁུལ་མི་དམངས་སྲིད་གཞུང་གི2025ལོའི་ཁུལ་ཐད་གཏོགས་རིམ་པའི་ནོར་སྲིད་ངེས་རྩིས་ཀྱི་འཆར་ཟིན་སྙན་ཞུའི་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། ཁུལ་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་དང་གཏོང་ཡོང་སྔོན་རྩིས་དེར་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྙན་ཞུའི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས།  མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་དང་།ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཚོགས་འདུ་ལས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་ཁུལ་གྱི2025ལོའི་ཁུལ་ཐད་གཏོགས་རིམ་པའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་དང་། ཁུལ་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་དང་གཏོང་ཡོང་སྔོན་རྩིས་དེར་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་པའི་སྐོར་གྱི་ཆོད་དོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན་གྱི་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་གྱི་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་མ་ཟད། གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་ལ་བསྐོ་གཞག་ཡི་གེ་སྤྲད་པ་དང་། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོའང་བསྡུས་པ་རེད།

     ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེ་ཞང་ཞན། ཁུལ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚབ་མ་ཀྲང་ཅིང་། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལིའུ་ཅན་ཀྲི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འདེམས་མི་དང་ཁུལ་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འདེམས་མི། ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྫོང་ལྔའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་གནང་། 



热门新闻

热门图库

热门排行