ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས།
ཟླ8པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཞུང་ཡོན་ལའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་མིང་ཐོ་དང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་རྩ་འཛུགས་ལས་ཁུངས(འཆར་ཟིན)། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ(འཆར་ཟིན)། ཚོགས་ཆེན་གྱི་ཟུར་ཞུགས་མི་སྣའི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་གྲོས་ཚོགས་སོ་སོའི་ལག་བསྟར་ཀྲུའུ་ཞིའི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ(འཆར་ཟིན)བཅས་ལ་གྲོས་འཆམ་བྱུང་།