གནད་བསྡུས། 详情

ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་གྲ་སྒྲིག་ཚོགས་བསྡུས།

 ཟླ8པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲ་སྒྲིག་ཚོགས་འདུ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་གནང་། ཚོགས་འདུ་ལས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་གཞིའི་མིང་ཐོ་དང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་གྲོས་གཞིའི་མིང་ཐོ།འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)བཅས་ལ་གྲོས་འཆམ་བྱུང་།


热门新闻

热门图库

热门排行