སྲིད་དོན། 详情

ཁུལ་གྱི་མགོ་ཁྲིད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་པའི་འཐུས་མི་རྣམས་ལ་འཚམས་འདྲི་གནང་།

ཟླ8པའི་ཚེས10ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་འཐུས་མི་ཚོགས་པ་སོ་སོར་སོང་སྟེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་པའི་ཏང་གི་འཐུས་མི་རྣམས་ལ་འཚམས་འདྲི་གནང་། 

4e20ab2bfa99194cf18e8db94a2f91ba-o.jpg

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་ཚབ་བྱས་ཏེ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་པའི་ཏང་གི་འཐུས་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་དང་། ཁོ་ཚོས་དུས་ཡུན་རིང་པོའི་ནང་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་མི་དམན་པ་བཞག་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འགན་འཁྲི་གཙོ་བོ་དང་དུ་བླངས་ཏེ། འདས་ཟིན་པའི་ལོ་ལྔའི་རིང་གི་གྲུབ་འབྲས་དང་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱ་དགོས་པ་དང་།  མིག་སྔར་འཕྲད་པའི་དུས་བབ་གསར་པ་དང་གནས་ཚུལ་གསར་པར་དམིགས་ནས། མ་འོངས་ལོ་ལྔའི་བྱ་བ་སོ་སོའི་དམིགས་ཚད་དང་འགན་འཁྲི། བྱེད་ཐབས་བཅས་ལ་ནན་གྱིས་འཆར་འགོད་བྱ་དགོས་ཞེས་བསྟན་པར་མ་ཟད། འཐུས་མི་རྣམ་པས་རང་འགན་གཙང་སྒྲུབ་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་སྙན་ཞུར་ཞིབ་ཀློག་བྱས་ཏེ་ཧུར་ཐག་སྒོས་དངོས་སྒྲུབ་དང་ཕན་ནུས་ཆེ་བའི་བསམ་ཚུལ་མང་པོ་འདོན་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོ་སྲུང་བ། བསམ་བློ་གཅིག་མཐུན་དང་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། འཐུས་མིའི་ཁེ་དབང་ཡང་དག་གིས་སྤྱད་དེ་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་པའི་རེ་བ་བཏོན།

ཁུལ་གྱི་མགོ་ཁྲིད་ཏའེ་མིན་ཅེ་དང་ཀའོ་ཡུང་ཧུང་། ཀྲང་ཅུན་ལུའུ། ལིའུ་ཡན། སུན་ཅུན་ཞཱ། ཀྲེང་ཕིང་ཞན། ཏེང་ཧྲེང་ཕེང་། ཝང་ཅི་ཏུ། ཀྲང་ཏུ་ཞན། ལི་ཝེ། ཀང་ཧྥུའུ་བཅས་ཚོགས་འདུར་ཞུགས།

热门新闻

热门图库

热门排行