རྒྱལ་སྤྱི། 详情

འཇར་པན་མང་ཚོགས་ཀྱིས་ཀའོ་ཧྲི་ཡིས་འཇར་པན་སླར་ཡང་དམག་འཁྲུག་ཕྱོགས་སུ་འཁྲིད་རྒྱུར་ངེས་པར་དུ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས9ཉིན། འཇར་པན་ཁྲང་ཆི་ཞི་བདེའི་སྤྱི་གླིང་ཉེ་འགྲམ་གྱི་རྡུལ་ཕྲན་འབར་མདེལ་འབར་གས་ལྟེ་གནས་སུ། ཀ་ནག་པོ་མཁའ་དབྱིངས་སུ་སྟོན་པ་དང་དྲན་གསོའི་རྡོ་རིང་གི་མདུན་དུ་མེ་ཏོག་ཆུན་པོ་བསྒྲིགས་ནས་མྱ་ངན་ཞུ་བཞིན་ཡོད།

ཉིན་དེར་ཁྲང་ཆི་ལ་རྡུལ་ཕྲན་འབར་མདེལ་འབར་གས་བྱུང་ནས་ལོ81འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་ཞི་བདེ་སྤྱི་གླིང་དུ་སྤེལ། ཕྱི་རོལ་གྱི་ཐག་མི་རིང་བའི་སར་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ལ་ཞུགས་མཁན་འཇར་པན་མང་ཚོགས་ཀྱིས“བཙན་འཛུལ་དམག་འཁྲུག་ལ་ངོ་རྒོལ་དང་ཀའོ་ཧྲི་ཙོ་མུའོ་ལ་ངོ་རྒོལ་བྱེད་དགོས”ཞེས་འབོད་སྐུལ་ཡང་ཡང་བཏང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙོ་མུའོ་ཡིས་ཤིས་ཚིག་འབུལ་སྐབས། འགོག་རྒོལ་བྱེད་པའི་འབོད་སྐུལ་མངོན་སུམ་གྱིས་ཆེ་རུ་ཕྱིན། 

ལོ77ལ་སླེབས་པའི་ཁྲང་ཆི་གྲོང་ཁྱེར་གྱི་གྲོང་མི་ཐུན་ཡོན་ཧྥ་ཙི་ཡིས་བཤད་རྒྱུར།“ཀའོ་ཧྲི་ཡིས་འཇར་པན་སྲིད་གཞུང་གིས‘ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ’རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཅེས་བརྗོད་མོད། འོན་ཀྱང་མ་འོང་པར་འཇར་པན་གྱིས་མུ་མཐུད་རྩ་དོན་དེ་རྒྱུན་འཁྱོངས་བྱེད་རྒྱུ་ཁས་ལེན་གསལ་པོ་བྱས་མེད་ལ། འགོག་སྲུང་བློན་ཆེན་ཞའོ་ཆོན་ཅིན་ཚི་ལིང་གིས་ལྷག་ཏུ་འཇར་པན་གྱིས་འཛེམ་བྱ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཉིང་རྡུལ་མཚོན་ཆ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ལ་གྲོས་བསྡུར་བྱེད་འོས་པ་ཞིག་རེད་ཟེར། ང་ཚོའི་སེམས་ཧ་ཅང་བདེ་པོ་མི་འདུག དམག་འཁྲུག་ཀྱང་ག་དུས་ཡིན་ཡང་ཐོན་སྲིད་པའི་ངོས་འཛིན་བྱེད་ཀྱིན་ཡོད”ཟེར།

“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”ཞེས་པ་ནི“ཉིང་རྡུལ་མཚོན་ཆ་མི་སྤྱོད་པ་དང་། བཟོ་སྐྲུན་མི་བྱེད་པ། ནང་འདྲེན་མི་བྱེད་པ”བཅས་ལ་ཟེར། འཇར་པན་སྨྱན་སྦྱོར་གྱིས་དེ་སྔོན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀའོ་ཧྲི་སྲིད་གཞུང་གིས་ད་ལོའི་ལོ་མཇུག་ཏུ“བདེ་སྲུང་གསུམ་གྱི་ཡིག་ཆ”ལ་བཟོ་བཅོས་རྒྱག་སྐབས། “ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”ཁྲོད་ཀྱི“ཉིང་རྡུལ་མཚོན་ཆ་ནང་འདྲེན་མི་བྱེད་པའི”རྩ་དོན་ལ་བཟོ་བཅོས་རྒྱག་རྩིས་ཡོད་པ་དང་། དུས་མཚུངས་སུ་ཀོ་ཧྲི་རང་ཉིད་ཀྱིས་ཀྱང་འཇར་པན་གྱིས་མ་འོངས་པར“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”མུ་མཐུད་རྒྱུན་འཁྱོངས་བྱེད་མིན་ཐད་རྣམ་འགྱུར་གསལ་བོ་བསྟན་མེད་པ་རེད། འཇར་པན་གྱི་ལས་རིགས་ཁག་གིས་ཀོ་ཧྲི་སྲིད་གཞུང་གི་ཉིང་རྡུལ་སྲིད་ཇུས་ཉེན་ཁའི་ཕྱོགས་སུ་འགྲོ་བཞིན་ཡོད་པར་སེམས་ཁྲལ་བྱེད་བཞིན་ཡོད།

ཁོས་བཤད་རྒྱུར། ངོ་རྒོལ་མི་སྣ་ཧྲན་པིན་ཅིན་ལོ་རེའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་ཁྲང་ཆི་ལ་ཡོང་ནས་ངོ་རྒོལ་གྱི་བྱ་འགུལ་ལ་ཞུགས་བཞིན་ཡོད། ཁོས་གསར་འགོད་པར་བཤད་རྒྱུར། ད་ལྟ“བདེ་སྲུང་ཡིག་ཆ་གསུམ”གསར་པ་དེས“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”ལ་གཏོར་བརླག་བྱེད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།“ང་ཚོ་ངེས་པར་དུ་ཡར་ལངས་ནས་ཀའོ་ཧྲི་དང་རང་དམངས་ཏང་གིས་འཇར་པན་ཡང་བསྐྱར་དམག་འཁྲུག་ནང་དུ་འདྲུད་པར་བཀག་འགོག་བྱེད་དགོས”ཟེར། 

热门新闻

热门图库

热门排行