པར་རིས་གསལ་བཤད། 详情

“བསྟོད་གླུ་སྙན་མོ་རྫོགས་ལྡན་དུས་ལ་འབུལ”ཞེས་པའི་ཀོས་ནན་གྱི་གཙག་དྲུབ་གྱོན་ཆས་འཁྲབ་སྟོན་སྐབས་གཉིས་པ་སྤེལ་བ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་སྐབས་སུ། ཀོས་ནན་གྱི་ནམ་མཁའ་ནི་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་དུ་གཡོ་བཞིན་ཡོད། རྩྭ་ཐང་སྟེང་ནོར་ལུག་རྣམས་བག་ཕེབས་ངང་གནས་ཤིང་ཡུལ་ལྗོངས་ཧ་ཅང་མཛེས་ཤིང་འདུག ཉེ་ཆར། “བསྟོད་གླུ་སྙན་མོ་རྫོགས་ལྡན་དུས་ལ་འབུལ”ཞེས་པའི་ཀོས་ནན་གྱི་གཙག་དྲུབ་གྱོན་ཆས་འཁྲབ་སྟོན་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་འཚོགས་པ་རེད། གྱོན་ཆས་འཁྲབ་སྟོན་ལས་བོད་ཀྱི་གཙག་དྲུབ་ལ་བརྟེན་ནས་སྲོལ་རྒྱུན་དང་དེང་རབས་བར་གླེང་མོལ་བྱེད་པའི་རྣམ་པ་ཞིག་བསྐྲུན་ཡོད། གྱོན་ཆས་འཁྲབ་སྟོན་དེ"ས་གནས་རང་གི་ཉམས་འགྱུར་ངོ་མཚར་ཅན"དང"ས་ཁུལ་ཡོངས་ཀྱི་བོད་ཀྱི་དབྱངས་རྟ"།"རྒྱུན་འཛིན་གསར་པའི་འཕེལ་རྒྱས"བཅས་ལེའུ་གསུམ་ལ་དབྱེ་ནས་རིམ་བཞིན་སྤེལ་བ་རེད།

བོད་ཀྱི་གཙག་དྲུབ་ནི་ཀོས་ནན་གྱི་རིག་གནས་རྩ་བ་ཡིན་ལ། ས་གནས་ལག་ཤེས་བཟོ་ལས་ཐོན་ལས་ཀྱི་ཐོན་ཁུངས་གཙོ་བོ་ཡང་ཡིན། གྱོན་ཆས་འཁྲབ་སྟོན་འདི་ནི་འགྲེམ་སྟོན་ཙམ་མ་ཡིན་པར་ཐོན་རྫས་གྲུབ་འབྲས་གཅིག་བསྡུས་ཀྱིས་བསྟན་པ་ཀྱང་ཡིན། སྲོལ་རྒྱུན་གྱི་རི་མོ་ནས་དེང་རབས་ཀྱི་བརྗོད་བྱ་བར་བོད་ཀྱི་གཙག་དྲུབ་ལག་རྩལ་རྙིང་པ་འདི་སྔར་ལས་སྟབས་བདེ་བའི་རྣམ་པས་མི་མང་ཆེ་བའི་མིག་ལམ་དུ་མངོན་ཐུབ་པ་བྱུང་ཡོད། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་པད་ཁའི་མེ་ཏོག་གིས་ཁེངས་པའི་ཁྲོད་དུ། ཀོས་ནན་གྱིས་གཙག་དྲུབ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་འཕེལ་རྒྱས་ཀྱི་འཆར་གཞི་གཙག་བཞིན་ཡོད། །

热门新闻

热门图库

热门排行