རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ་ཞེས་པའི2026ལོའི་སྐྱེ་ཁམས་ཞིན་ཧེའི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་སྟེང་གི་པར་རིས་བདམས་བཀོད།
ཟླ8པའི་ཚེས7ཉིན་ཞིན་ཧེ་རྫོང་དུ་རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ་ཞེས་པའི2026ལོའི་སྐྱེ་ཁམས་ཞིན་ཧེའི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་སྤེལ་ཞིང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལྷན་དུ་འཛོམས་ནས་རིག་གནས་ཡུལ་སྐོར་གྱི་དགའ་སྟོན་ལ་རོལ་བ་རེད།

རྨ་ཀླུང་སྔོན་མོའི་མཚོ་ལྷོར་བསྐྱོད་པ་ཞེས་པའི་མངའ་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་དང་རྫོང་ཁོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས་ཁྱད་ལྡན་བྱ་འགུལ་ཐེངས25བཀོད་སྒྲིག་བྱས་ཏེ།རབ་མཛེས་མཚོ་སྔོན་དང་གནས་མཆོག་མཚོ་ལྷོ། སྐྱེ་ཁམས་ཞིན་ཧེ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་དེ། རྨ་ཀླུང་སྔོན་མོའི་སྐྱེ་ཁམས་ཡུལ་སྐོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།


དེ་མིན་སྐྱེ་ཁམས་ཞིན་ཧེའི་རང་བྱུང་གི་ཡུལ་ལྗོངས། སྤྲེལ་རྫོང་གི་རི་ཆུའི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས།གྲོང་གསེབ་དར་རྒྱས་གཏོང་བའི་འཛུགས་སྐྲུན་གྲུབ་འབྲས་སོགས་བརྗོད་བྱ་གཙོ་བོར་དམིགས་ནས་པར་ལེན་བརྩམས་ཆོས་འགྲེམ་སྟོན་གཅིག་བསྡུས་ཀྱིས་སྤེལ་བ་དང་། བརྙན་མིག་ལ་བརྟེན་ནས་སྐྱེ་ཁམས་ཞིན་ཧེ་ཟིན་ཐོར་བཀོད་དེ་སྐྱེ་ཁམས་ཞིན་ཧེའི་མཚན་སྙན་གྲགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཞིང་། དེ་དང་ཆབས་ཅིག་ས་བབ་མཐོ་བའི་དགེ་མཚན་དང་བོད་སྨན་ཐོན་ཁུངས་ལ་གཞི་ཚུགས་ཏེ་བྱ་འགུལ་ཡུལ་དངོས་སུ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཉམས་ལེན་འགྲེམ་ཁུལ་བཀོད་སྒྲིག་བྱས་ཡོད་ལ། མཐོ་སྒང་གི་སྐམ་ཤ་དང་འབྲི་ཞོ། ནས་ཀྱི་ཐོན་རྫས་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་གྱི་རིག་གནས་གསར་གཏོད་ཁེ་ལས་པ60ལྷག་ཙམ་རྩ་འཛུགས་བྱས་ནས་ཞིང་ཕྱུགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམ་སྟོན་ལ་ཞུགས་པ་དང་། ཞིན་ཧེ་རྫོང་གི་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་རིག་གནས་གསར་གཏོད་གྲུབ་འབྲས་གཅིག་སྡུད་སྒོས་མངོན་པར་བྱས་ཏེ།ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་འོས་སྦྱོར་བྱེད་ཐབས་རྒྱ་ཆེར་བཏང་ཡོད།












