སྲིད་དོན། 详情

ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས།

ཟླ8པའི་ཚེས6ཉིན། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་འཚོགས་ཏེ། འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།<<2025ལོའི་ཁུལ་ཐད་གཏོགས་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་གནས་ཚུལ་རྩིས་བཤེར་སྙན་ཞུར>>གྲོས་ཞིབ་བྱས་ཤིང་། ཁུལ་ཐད་གཏོགས་རིམ་པའི2026ལོའི་རྩིས་བཤེར་རྣམ་གྲངས་ཀྱི་འབྲེལ་ཡོད་དོན་ཚན་ཇེ་ཉུང་དུ་གཏོང་བར་ཞིབ་འཇུག་དང་། རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད་གནང་།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་ལྟ་སྐུལ་གྱི་ལས་འགན་གཙོ་བོ་བརྟན་སྲུང་བྱས་ནས་རྩིས་བཤེར་བྱ་བ་སྤུས་འདེགས་ནུས་མཐོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ལེགས་པོ་བྱས་ཡོད་པ་དང་། ལོ་སྨད་ནི་རྩིས་བཤེར་ལས་འགན་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་ལ་ཕན་འབྲས་ལེན་པའི་གནད་འགག་གི་དུས་མཚམས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རྩིས་བཤེར་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནང་ཁུལ་གྱི་ལམ་ལུགས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་རིམ་པ་བཞིན་གཙོ་གཞིའི་འགན་འཁྲི་ནན་མོར་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐོར་ཞིབ་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ་བཅས་ཀྱི་མཉམ་འགུལ་ལམ་སྲོལ་དང་། ཆ་འཕྲིན་ཤར་གཏོང་ཐུབ་པ་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་ཐབས་ལམ་འཐུས་ཚང་དུ་བཏང་སྟེ། མ་ལག་ཕྱོགས་བསྡུས་དང་མཐུན་སྦྱོར་ནུས་མཐོའི་ལྟ་སྐུལ་གྱི་རྣམ་པ་ཞིག་ཆགས་པར་བྱ་དགོས་ཞེས་བསྟན། ཚོགས་འདུ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྩིས་བཤེར་ལ་དམ་འཛིན་བྱ་དགོས་པ་དང་། ལས་གཞི་གལ་ཆེན་དང་སྲིད་ཇུས་དོན་འཁྱོལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ནོར་སྲིད་ཀྱི་གཏོང་ཡོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་སྔོན་རྩིས་ཁྲོད་མེད་པའི་བུན་དོན་གྱི་ཉེན་ཁ་སེལ་བ། ནོར་སྲིད་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱིས་སྔོན་ལ་ཉེན་བརྡ་གཏོང་བ་དང་ལྟ་སྐུལ་བྱེད་པ། འབུར་ཐོན་གནད་དོན་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དཔྱད་གཞི་འདོན་སྤྲོད་བྱ་དགོས། དབང་ཆ་ཚད་ལྡན་གྱིས་བེད་སྤྱོད་བྱེད་པར་དམིགས་ནས་རྩིས་བཤེར་དམ་འཛིན་བྱ་དགོས་དང་། མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྒྱུན་རྣམ་ཅན་གྱིས་རྩིས་བཤེར་བྱེད་པ། སྲིད་ཇུས་ལག་བསྟར་དང་ལས་གཞིར་སྐུལ་འདེད། མ་དངུལ་དོ་དམ་སོགས་ཀྱི་འགན་འཁྲི་བསྒྲུབ་པའི་གོ་རིམ་ལ་དམིགས་ཏེ། འདྲི་གཅོད་ལ་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ལས་བྱེད་པར་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པར་ཁྲིད་སྟོན་བྱས་ནས། ཁྲིམས་ལྟར་དབང་ཆ་དྲང་གཞག་གིས་སྤྱོད་ཐུབ་པར་བྱ་དགོས། དག་ཐེར་ཡོ་བསྲང་གི་སྒྲིག་གཞི་འཛུགས་པར་དམིགས་ནས་རྩིས་བཤེར་ལ་དམ་འཛིན་བྱ་དགོསཔ་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་སོགས་རྩིས་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་སྣ་ཚོགས་ལ་དམིགས་ཏེ། འབྱུང་རྩའི་གནད་དོན་སྔོག་འདོན་བྱེད་པ་དང་ལམ་སྲོལ་གྱི་ཞན་ཆ་གསབ་ནས། རྩིས་བཤེར་དག་ཐེར་ཡོ་བསྲང་དེ་རྩ་ལག་བཅོས་སྐྱོང་ནས་རྩ་བ་བཅོས་སྐྱོང་གི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དམངས་ཚིས་འགན་ལེན་གྱི་མཐའ་ཚད་ལ་དམིགས་ནས་རྩིས་བཤེར་ལ་དམ་འཛིན་བྱ་དགོསཔ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དམིགས་ཏེ། གནད་ལ་འཁེལ་བའི་རྩིས་བཤེར་ལ་བརྟེན་ནས་དམངས་ཚིས་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་ལ་སྐུལ་འདེད་བཏང་སྟེ། རྩིས་བཤེར་གྱི་གྲུབ་འབྲས་དེ་དམངས་ཚིས་བདེ་སྐྱིད་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས། རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་རྩིས་བཤེར་ལ་དམ་འཛིན་བྱ་དགོས་པ་དང་། རིགས་པའི་གཞུང་ལུགས་སྦྱོང་བརྡར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། སྲིད་ཇུས་ཀྱི་ངོས་ཐད་ནས་ལས་སྒོར་ལྟ་ཞིབ་བྱེད་པ། ཕྱོགས་བསྡུས་འགན་འཁྲིའི་སྒྲུབ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་རྩིས་བཤེར་བྱ་བའི་སྤུས་མཐོའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

  ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་སོ་སོ་ཚོགས་འདུར་ཞུགས།


热门新闻

热门图库

热门排行