གནད་བསྡུས། 详情

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས།

ཟླ8པའི་ཚེས7ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས་ཤིང་། ཚང་འཛོམས་གྲོས་ཚོགས་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཚང་འཛོམས་གྲོས་ཚོགས་ལས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲ་སྒྲིག་བྱ་བའི་སྐོར་གྱི་སྙན་ཞུར་གསན་པ་དང་། སྐབས་བཅུ་བཞི་པའི་ཁུལ་ཨུའི་སྙན་ཞུ(གྲོས་ཞིབ་མ་ཟིན)དང་། སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ(གྲོས་ཞིབ་མ་ཟིན)། ཁུལ་ཡོངས་ཀྱི་ཏང་གི་གྲོན་དངུལ་བསྡུ་ལེན་དང་བེད་སྤྱོད། དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུ(གྲོས་ཞིབ་མ་ཟིན)། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)དང་། སྐབས་བཅོ་ལྔ་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་གྲ་སྒྲིག་འདེམས་མིའི་གྲོས་གཞིའི་མིང་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གཞུང་དངོས། ཚང་འཛོམས་གྲོས་ཚོགས་ལས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག  སྐབས་བཅུ་བཞི་པའི་ཁུལ་ཨུས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་མདུན་སྐྱོད་བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་འཕེལ་རྒྱས་ལ་དམིགས་པ་དང་དམངས་ལ་ཕན་པ་བསྒྲུབས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དམ་འཛིན་བྱས་ཏེ།  ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ལས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་འཇོག་པར་རྨང་གཞི་བརྟན་པོ་བཏིངས།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལེགས་པོའི་ངང་འཚོག་རྒྱུ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། སླད་ཕྱིན་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཡུན་རིང་བདེ་སྐྱིད་ལ་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དོ་སྣང་བྱ་རྒྱུ་དེ་ཏང་གི་འཐུས་མི་ཚོགས་ཆེན་གྲ་སྒྲིག་དང་སྐོང་ཚོགས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། ལྷག་བསམ་རྣམ་དག་གི་ཆབ་སྲིད་རང་རྟོགས་དང་། གཟབ་ནན་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ། ཡག་ཐོག་ཡག་བརྩེགས་ཀྱི་བྱ་བའི་ཚད་གཞི་བཅས་ལ་བརྟེན་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བགོས་ཁ་གསལ། མཉམ་ལས་དམ་ཟབ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ།ཚོགས་ཆེན་གྱི་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲིའི་འཁུར་སེམས་ཆེ་རུ་གཏོང་བ་དང་འཐུས་མིའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་དམིགས་ནས་སྙན་ཞུ་ཁག་ལ་གྲོས་ཞིབ་ནན་ཏན་བྱེད་པ། ཐབས་འདོན་ཇུས་འབུལ་བྱེད་པ། དམངས་གཙོའི་ཁེ་དབང་ཡང་དག་པར་སྤྱོད་པ། ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱ་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ཐོག་མཐའ་བར་གསུམ་དུ་གཙོར་འཛིན་པ་དང་། དུས་བསྟུན་སྐབས་བརྗེའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས་བཅས་ནན་མོ་བཟོས་ནས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ་དང་ལྟ་སྐུལ་མཛུབ་སྟོན་ནན་མོ་བཅས་བྱས་ནས། སྐབས་བརྗེའི་སྒྲིག་ལམ་ལ་སྲུང་སྐྱོང་ལེགས་པོ་བྱས་ཏེ། སྐབས་གསར་པའི་མགོ་ཁྲིད་ཚོགས་པ་གདམ་གསེས་ལེགས་པོ་དང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་ལེགས་པོ་བཟོ་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལེགས་པོར་འཛིན་རྒྱུ་གཙོར་འཛིན་པ་དང་། སྐབས་བཅུ་བཞི་པའི་ཁུལ་ཨུའི་ལོ་ལྔའི་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་ཉམས་མྱོང་བཅས་གསལ་བོར་བཟོ་དགོས་ལ། ཟུར་མི་འདྲ་བའི་སྒོ་ནས་ནས་གནས་མཆོག་མཚོ་ལྷོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་དགོས་པ་དང་། ཚོགས་འདུའི་དགོངས་དོན་གསལ་བཤད་གཏིང་ཟབ་བྱས་ཏེ། ཚོགས་ཆེན་གྱི་གནས་ཚུལ་དུས་ཐོག་ཏུ་གནད་ལ་འཁེལ་བའི་སྒོ་ནས་དྲིལ་སྒྲོག་བྱེད་པ། འཐུས་མིའི་འགན་ནུས་སྒྲུབ་པའི་རྣམ་པ་བཟང་པོ་མངོན་ཏེ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། མིག་སྔའི་གཙོ་གནད་བྱ་བ་ནན་འཛིན་བྱེད་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་དང་གཙོ་གནད་བྱ་བར་གཅིག་གྱིས་བཀོད་སྒྲིག་བྱས་ནས། དཔལ་འབྱོར་འཁོར་བསྐྱོད་དང་ལས་གཞི་འཛུགས་སྐྲུན། འབྲུག་འགོག་གནོད་སེལ། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན། དམངས་ཚིས་འགན་སྲུང་སོགས་ཀྱི་ལས་འགན་ལ་ནུས་ལྡན་གྱིས་སྐུལ་འདེད་བྱས་ཏེ། ཚོགས་ཆེན་ལ་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན་ཡོད།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས། ནན་ཏན་སྒོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱིས་གུང་ཧོའི་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྔར་ལས་མཛེས་སྡུག་ལྡན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ། བདེ་སྐྱིད་དང་འཆམ་མཐུན། སྤྱོད་གཙང་བཅས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་དགོས་ཞེས་འབོད་སྐུལ་བཏང་།

ཁུལ་ཨུའི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཚོགས་འདུར་ཟུར་ཞུགས་བྱས།


热门新闻

热门图库

热门排行