དམར་ལྡང་ཆུ་གློག་ས་ཚིགས་ཀྱི་ཟླ་གཅིག་གི་གློག་འདོན་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།
ཟླ7པའི་ཚེས31ཉིན་བར། རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་དམར་ལྡང་ཆུ་གློག་ས་ཚིགས་ཀྱི་ཟླ་གཅིག་གི་གློག་འདོན་ཚད་ཐོག་དང་པོར་དུས་ཚོད་སྟོང་ཝ་དུང་ཕྱུར11ལས་བརྒལ་ཏེ། ཐོན་སྐྱེད་བྱེད་མགོ་ཚུགས་ཚུན་གྱི་ཚད་ཐིག་གསར་བ་བཏོད་པ་དང་། འཕྲུལ་ཚན་གྱི་དུས་ཚོད་དང་ཆུ་ནུས་སྤྱོད་ཚད་སོགས་ཀྱི་དམིགས་ཚད་ཀྱིས་དུས་མཉམ་དུ་ཟིན་ཐོ་གསར་པ་བཏོད་ནས། དབྱར་དུས་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པར་བྱས་རྗེས་གསར་པ་བཞག་ཡོད།
དམར་ལྡང་ཆུ་གློག་ས་ཚིགས་ཀྱིས་ཆུའི་རྩིས་ཐོར་ཞིབ་རྩིས་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་གི་གབ་ཤུགས་སྔོག་འདོན་བྱས་ཤིང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆར་ཆུ་མང་པའི་དུས་སྐབས་དམ་འཛིན་བྱས་ཏེ། ཆུ་གློག་ས་ཚིགས་ཀྱིས་ཉིན་རེར་འཁོར་སྐྱོད་དང་གཟའ་འཁོར་རེར་ཞིབ་འཇུག་བརྡར་གཅོད། ཟླ་རེར་ལེགས་བཅོས་བྱེད་པ་བཅས་ཀྱི་སྔོན་དཔག་ལམ་ལུགས་བཙུགས་ནས། ཆུ་མཛོད་ཀྱི་འགུལ་རྣམ་འཁོར་སྐྱོད་བྱེད་སྟངས་ཇེ་ལེགས་སུ་བཏང་བ་དང་། སྨད་རྒྱུད་ཀྱི་སྐས་རིམ་ཆུ་གློག་ས་ཚིགས་བར་ཀྱི་མཉམ་འབྲེལ་བཀོད་གཏོང་ལ་ཤུགས་བསྣན་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོང་གང་ལེགས་བྱས། དྲོད་ཚད་དང་ཐེག་ཚད་མཐོ་བའི་ཉམས་མྱོང་ལ་ཁ་གཏད་དེ། སྒྲིག་ཆས་ཀྱི་བརྒྱུད་རིམ་ཧྲིལ་བོར་དོ་དམ་དང་སྤུས་འདེགས་ནུས་མཐོའི་བྱ་སྤྱོད་ལ་སྐུལ་འདེད་གང་ལེགས་བྱས་ནས། འཛིན་བྱང་གཉིས་དང་ལམ་ལུགས་གསུམ་ལག་བསྟར་ནན་མོ་བྱས་ཏེ། དྲ་ལམ་ལྟ་ཞིབ་སོགས་རིག་ནུས་ཅན་གྱི་བྱེད་ཐབས་སྤྱད་དེ་བྱུར་རྐྱེན་ལ་སྔ་མོ་ནས་བརྡར་ཤ་བཅད་ནས། འཕྲུལ་ཚན་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས།
ཕྱོགས་ཡོངས་ཀྱི་ཤེས་རིག་དོ་དམ་ཚོད་འཛིན་སྟེགས་བུར་བརྟེན་ནས། AGCདངAVCཡི་རང་འགུལ་སྙོམས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཟླ7པའི་ཚུན་ལ་འཕྲུལ་ཚན་གྱི་ཐེག་ཚད་སྙོམས་སྒྲིག་གནད་ལ་འཁེལ་ཚད100%ལ་སླེབས་ནས། གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་རྒྱབ་རྟེན་འདོན་སྤྲོད་བྱས། དེ་མིན་ཆུ་གློག་ས་ཚིགས་ཀྱིས་བདེ་ཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་དང་ལས་རྐང་གི་བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། མུ་མཐུད་དུ་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། གཏན་འཇགས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་བརྟེན་ནས་མུ་མཐུད་དུ་གློག་འདོན་ནུས་པ་མཐོ་རུ་ཡོང་བར་འདེགས་སྐྱོར་བྱས།