གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས2026ལོའི་ཚ་བ་ཆེ་བའི་ཉིན་མོར་ལས་བཟོ་བར་འཚམས་འདྲི་ཞུ་བའི་བྱ་འགུལ་སྤེལ་བ།

2026-08-07 15:46:30 来源: 作者: 编辑:བུ་མོ་མཆོག

 རང་ཚགས་པར་གྱི་འཕྲིན།ཉེ་སྔོན། རང་ཁུལ་གྱིས་ཚ་བ་ཆེ་བའི་གནམ་གཤིས་འོགལས་བཟོ་བའི་ངལ་རྩོལ་གྱི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། ལས་ཡུལ་དུ་ངལ་རྩོལ་ལ་ཞུགས་ཡོད་པའི་ལས་བྱེད་ལས་བཟོ་པ།དེ་མིན་ལས་རྣམ་གསར་པའི་ངལ་རྩོལ་པའི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱས་ཏེ།  ཏང་ཨུ་དང་སྲིད་གཞུང་། སྤྱིའི་བཟོ་ཚོགས་བཅས་ཀྱི་བརྩེ་སེམས་འབུལ་ཆེད། ཟླ8པའི་ཚེས5ཉིན། ཁུལ་ཨུའི་རྒྱུན་ཨུ་ཝང་ཅི་ཏུ་ཡིས་སྣེ་ཁྲིད་དེ་སྤྱི་བདེ་དང་མེ་ཟོན། རྒྱལ་ཁབ་མ་གཏོང་སོགས་ལས་རིགས9ཡི་ལས་ཁུངས14རུ་ས། ཚ་བ་ཆེ་བའི་གནམ་གཤིས་འོག་ཕྱི་རོལ་དུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ངལ་རྩོལ་པ3500ལྷག་ལ་འཚམས་འདྲི་བྱས་པ་རེད། 

འཚམས་འདྲིའི་ཚོགས་ཁག་གནས་གང་དུ་སོང་ཡང་། ཚང་མར་བདེ་འཇགས་ལས་སྒྲུབ་དང་བདེ་ཐང་སྲུང་སྐྱོབ་ཀྱི་མ་མཐའི་མཚམས་ཐིག་དུས་རྟག་ཏུ་བརྟན་པོར་སྲུང་དགོས་པ་དང་། ལས་ཀ་བྱེད་ཡུན་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ། ཚ་གཡོལ་བྱེད་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་གྱིས་བདེ་འཇགས་ཀྱི་དབྱར་ཁ་ཞིག་སྐྱེལ་པར་མངགས་བཅོལ་ཡང་ཡང་བྱས་པ་དང་། དུས་མཚུངས་སུ་ལས་བྱེད་མི་སྣ་ཡོངས་ཀྱིས་མུ་མཐུད་དུ་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་རང་གི་ལས་གནས་བརྟན་སྲུང་བྱས་ཏེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་བསྐྲུན་པར་ལྕག་སྐུལ་ཡང་བྱས།

བྱ་འགུལ་འདི་ནི་བཟོ་ཚོགས་ཀྱིས་ལས་ཡུལ་དང་པོའི་ལས་བཟོ་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་བའི་དམངས་འཚོའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་འདོམས་བཀོད་སྒྲིག་དང་གནད་འཁེལ་ཤུགས་འདོན་བྱས་ཤིང་། གཙོ་གནད་མི་ཚོགས་ལ་དམིགས་པ་དང་ལས་བཟོ་པའི་དགོས་མཁོ་དང་འབྲེལ་ཏེ། ཁྱབ་ཁོངས་ཡོངས་སུ་བཟོ་ཚོགས་ཀྱིས་ཚ་འགོགདངོས་ཟོག་སྟེར་བའི་འཚམས་འདྲིའི་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་ལས་བཟོ་པ་རྣམས་ལ་ཉི་འགོག་དངོས་རྫས་དང་ཇ་ཕོར། གཙང་སྦྲའི་མཁོ་ཆས། འཛད་སྤྱོད་བྱང་བུ་སོགས་སྒོར་ཁྲི30ལྷག་གི་ཚ་འགོག་དངོས་ཟོག་བྱིན་ནས་བཟོ་ཚོགས་ཀྱི་ཐུགས་ཁུར་དང་ཞབས་ཞུ་མཁོ་འདོན་བྱས།


热门新闻

热门图库

热门排行