སྲིད་དོན། 详情

ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཧྲང་ཧའེ་གཞི་གྲངས་ཚོགས་པའི་རིག་ནུས་རྩིས་ཤུགས་ལས་དོན་པུའུ་ཡི་སྤྱི་གཉེར་པ་ཧྥེང་ཆི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་ཧྲང་ཧའེ་གཞི་གྲངས་ཚོགས་པའི་རིག་ནུས་རྩིས་ཤུགས་ལས་དོན་པུའུ་ཡི་སྤྱི་གཉེར་པ་ཧྥེང་ཆི་འཁོར་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་དང་ལས་གཞིའི་མཉམ་ལས། མ་འོངས་འཆར་འགོད་བཅས་ལ་གཞིགས་ནས་བསམ་ཚུལ་བརྗེ་རེས་བྱས།

ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཧྥེང་ཆི་འཁོར་དང་བཅས་པར་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་དངུལ་གཏོང་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། ཐུན་མོང་མ་ཡིན་པའི་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས། མཚོ་ལྷོ་ཁུལ་ནི་རྒྱལ་ཁབ་ལྗང་མདོག་རིག་ནུས་རྩིས་ཤུགས་ཀྱི་ལྟེ་བའི་ས་ཁུལ་དུ་མགྱོགས་པོར་བསྐྲུན་བཞིན་པ་དེས། མཚོ་ལྷོ་ཁུལ་ལ་རྩིས་གློག་མཉམ་སྡེབ་དང་ཐཱན་ཉུང་རྩིས་ཤུགས་འཕེལ་རྒྱས་ཀྱི་དགེ་མཚན་མངོན་གསལ་ལྡན་ཞིང་། རྣམ་པ་ལེགས་པ། མདུན་ལྗོངས་ཡངས་པ་བཅས་མཚོན་ཐུབ་པས། ཧྲང་ཧའེ་གཞི་གྲངས་ཚོགས་པས་ལག་རྩལ་དང་སྟེགས་བུ། ལས་རིགས་ཐོན་ཁུངས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ལྗང་མདོག་རྩིས་ཤུགས་འཐབ་ཇུས་ལ་གཞི་བཙུགས་ནས། རྩིས་ཤུགས་ལས་གཞི་ལག་བསྟར་བྱས་ནས་ཕན་འབྲས་ལེན་པར་སྐུལ་འདེད་བྱས་ཏེ། ས་གནས་དང་ཁེ་ལས་ཀྱིས་དགེ་མཚན་གསབ་རེས་དང་ཕྱོགས་གཉིས་འཕེལ་རྒྱས་ཡོང་བར་བྱ་དགོས་པའི་རེ་བ་བཏོན།

ཧྥེང་ཆི་ཡིས་མཚོ་ལྷོ་ཁུལ་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཕྱོགས་བསྡུས་དགེ་མཚན་དང་སྤུས་ལེགས་ཚོང་གཉེར་ཁོར་ཡུག་ལ་ཚད་མཐོན་པོས་ཁས་ལེན་གང་ལེགས་བྱས་པ་མ་ཟད། སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། ཁོས་མཚོ་ལྷོ་ཁུལ་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ལས་སྐྱེ་ཁམས་ཀྱིས་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་སྤྲད་ཡོད་པས། རྗེས་ཕྱོགས་མཚོ་ལྷོའི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཛུགས་སྐྲུན་གྱི་ཁྲོད་དུ་ཞུགས་ནས། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་། མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། མཉམ་ལས་བྱེད་ཐབས་ཞིབ་ཕྲ་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོར་གཏོང་རྒྱུ་ཡིན་ཞེས་བརྗོད། 

ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཁུལ་བཟོ་ལས་ཆ་འཕྲིན་ཅུའུ། ཁུལ་གཞི་གྲངས་ཅུའུ་བཅས་ཀྱི་འགན་འཁུར་བ་གཙོ་བོ་དག་གིས་ཁེ་ལས་ལ་ཐུགས་ཁུར་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། རྨང་གཞིའི་སྒྲིག་ཆས་ཆ་ཚང་སོགས་གནད་འགག་གི་གནད་དོན་ཐད་ནས་གསལ་བཤད་བྱས།


热门新闻

热门图库

热门排行