གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་པ།

ཟླ8པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་ཏེ་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཐོག་མའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོན་ལ་ཉེ་བའི་སྐབས་ཀྱི་མཛུབ་སྟོན་གལ་ཆེན། དེ་མིན་བདེ་ཐང་ཀྲུང་གོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་དང་འཐབ་ཇུས་བླང་བྱ་གཏིང་ཟབ་པའི་སྒོ་ནས་གསལ་བཤད་གནང་ཡོད་དེ། དེ་ནི་ང་ཚོས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་བྱ་བ་ཡག་པོ་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྟོགས་སྒོས་མཚོ་ལྷོའི་བྱ་གཞག་ཁག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་དང་ཇུས་འགོད་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་བློ་བརྟན་འགྱུར་མེད་སྒོས་གཏན་འཁེལ་གཉིས་ལ་བརྩི་སྲུང་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་དགོས་ཞེས་བསྟན།  

ཚོགས་འདུ་ལས་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཆེད་དོན་འཆར་འགོད་བཟོ་བ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་བཀོད་པར་གནད་འཁེལ་གྱིས་སྦྲེལ་མཐུད་བྱས་ཏེ། ཟླ་ཕྱེད་ལ་བཀོད་གཏོང་གཅིག་དང་སྙན་སེང་གཅིག་གི་བྱ་བའི་ལམ་སྲོལ་བཙུགས་ནས་ལས་གཞིའི་མཛོད་ཡག་པོ་བསྐྲུན་པ་དང་འགུལ་རྣམ་དོ་དམ་ལག་བསྟར་བཅས་བྱས་ཏེ། ལས་གཞི་གལ་ཆེན་སྔར་ལས་མང་པོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞིའི་ཁྲོད་དུ་ཚུད་པར་བརྩོན་ལེན་བྱ་དགོས་པ་དང་། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གཙོ་གནད་དུ་བཟུང་ནས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་པ་དང་གཞི་རིམ་དུ་ཁ་ཕྱོགས་པར་སྐུལ་འདེད་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ཀྱི་སྨན་བཅོས་ཞབས་ཞུ་དང་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་དོན་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། འོད་ཤུགས་དང་བྱེ་བཅོས། འོད་ཤུགས་དང་ཕྱུགས་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་གནད་འགག་ལས་རྐང་གི་འགན་འཁུར་བློ་མཐུན་གཙོ་བོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་དང་སྒོས་སུ་ཁུལ་ཨུའི་རྒྱུན་ཨུ་སོ་སོས་སྣེ་ཁྲིད་དེ་དངོས་སུ་ལག་ལེན་བྱེད་པ་དང་མིག་དཔེ་བསྟན་ནས། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པ་དང་། གཞི་རིམ་གྱི་ལས་དོན་དེ་ལས་ཁུངས་ཅན་དང་ལས་ཁུངས་ཀྱི་ལས་དོན་དེ་ཕྱི་ཚུལ་ཅན་དུ་འགྱུར་བར་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། ལས་བྱེད་པ་གཞི་རིམ་དུ་ཁ་ཕྱོགས་པར་སྐུལ་འདེད་བྱས་ནས། ཛ་དྲག་དང་དཀའ་ངལ་ཆེ་བའི་ལས་འགན་ཁྲོད་དུ་ལས་བྱེད་པ་སྔོན་ལ་བསྐྱོད་ནས་དངོས་སྒྲུབ་འགན་ལེན་བྱེད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པའི་ཁྲོད་དུ་འཐབ་འཛིང་གི་སྙིང་སྟོབས་སྦྱོང་བརྡར་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བར་སྐུལ་མ་གཏོང་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་བྱ་བའི་འཁོར་སྐྱོད་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་བྱ་བ་ཞིབ་ཕྲ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་བྱེད་པ་གསོ་སྐྱོང་དང་དོ་དམ་བྱ་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། ཚད་གཞི་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས། འཛུགས་སྐྲུན་བཅས་ཀྱི་བྱ་བ་སོ་སོར་བརྟན་པོའི་ངང་སྐུལ་འདེད་བྱས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པས། སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་དཔྱད་འཇོག་དེ་མགོ་རྩོམ་ས་གསར་པར་བཟུང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།   གཅིག་ནས་གོ་བ་ཟབ་མོ་ལེན་པའི་ཐད་མུ་མཐུད་དུ་ནུས་པ་བཏོན་ནས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ཏེ།  ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་བསམ་བློའི་རང་རྟོགས་ནུས་པ་དང་བྱ་སྤྱོད་ཀྱི་རང་རྟོགས་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་དངོས་སུ་ཞིབ་བཤེར་དང་ལེགས་བཅོས་བྱེད་པའི་ཐད་མུ་མཐུད་དུ་ནུས་པ་བཏོན་ནས། ཡིག་ཐོག་གི་བཅོས་སྐྱོང་དང་གྲངས་ཀའི་བཅོས་སྐྱོང་། བཅོས་སྐྱོང་ལེགས་པོ་བྱས་མེད་པ་བཅས་ལ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་མཐའ་མའི་བྱ་བ་ལེགས་པོར་བསྒྲུབ་དགོས། གསུམ་ནས་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བྱེད་པའི་ཐད་མུ་མཐུད་དུ་ནུས་པ་བཏོན་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།།

热门新闻

热门图库

热门排行