སྲིད་དོན། 详情

ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཟླ8པའི་ཚེས4ཉིན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཏང་ཙུའུ་གྲོས་ཚོགས་ཐེངས40པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས43པར་མགོ་འཛིན་བྱས་ནས་བསྡུས་པ་དང་། མཱ་ཞའོ་ཝེ་དང་བསོད་ནམས་སྐྱིད། ཀུན་བཟང་པདྨ་རྣམ་རྒྱལ། ལི་ཀུའོ་ཧྲེང་། ཀྲུའུ་ལིན། འབྲུག་འབུམ་རྒྱལ། ལི་ཁྲེན་ལིང་། ཀྲང་ཀུའོ་ཕེང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་བློ་མཐུན། ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན། དེ་མིན2026ལོའི་འཛམ་གླིང་མིས་བཟོས་རིག་ནུས་ཚོགས་ཆེན་དང་མིས་བཟོས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱི་དགོངས་དོན། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་བའི་དོན་རྐྱེན་དང་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པ་དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་དོན་ཚན་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པ་འཚོག་པའི་དུས་ཚོད་དང་གྲོས་རིམ། འབྲེལ་ཡོད་མི་དོན་དོན་ཚན་བཅས་ལ་གྲོས་ཞིབ་བྱས། གྲོས་ཚོགས་ལས་སྲིད་གྲོས་སྐབས་བརྗེའི་བྱ་བ་ནི་ཁུལ་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་ལ་ཉེ་བའི་དུས་འདིར། དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། ཚད་གཞི་མཐོ་བ། བླང་བྱ་ནན་མོ་བཅས་ཡིན་པས། ཆབ་སྲིད་ལ་བརྩི་སྲུང་བྱེད་པའི་མཐོ་ཚད་ནས་མགོ་བརྩམས་ཏེ། སྔོན་ལ་ཇུས་འགོད་དང་གྲ་སྒྲིག་ལེགས་པོ། བཀོད་སྒྲིག་ཞིབ་ཚགས། རིམ་བཞིན་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། གྲོས་ཚོགས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པ་དང་། ལངས་གནས་མཐོན་པོས་ངོས་འཛིན་ལ་དམ་འཛིན་བྱེད་པ་དང་འགན་འཁྲི་ནན་དུ་བཏང་ནས་མཉམ་ཤུགས་ལ་དམ་འཛིན་བྱེད་པ། བྱེད་ཐབས་ལ་ཤུགས་བསྣན་ནས་ཚད་ལྡན་ལ་དམ་འཛིན་བྱེད་པ་དང་ཕན་འབྲས་ལ་གཞིགས་ཏེ་སྒྲིག་ཁྲིམས་ལ་དམ་འཛིན་བྱ་དགོས་ཞེས་བླང་བྱ་བཏོན། 


热门新闻

热门图库

热门排行