གནས་ཚུལ། 详情

སྤྱི་ཕན་བཅོལ་སྐྱོང་གླིང་གིས་བྱིས་པ་ཚོའི་དབྱར་གསེང་འཚོ་བར་སྤྲོ་སྣང་སྦྱིན།

ད་ལོའི་དབྱར་གསེང་སྐབས་སུ། མཚོ་ལྷོ་ཁུལ་ལོ་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱིས་ཁུལ་ལོ་ཆུང་གཞོན་ནུའི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། ཁུལ་རིམ་པའི་ལོ་ཆུང་བྱིས་པ་སྐྱེད་སྲིང་ས་ཚིགས་ཀྱི་ཁྱད་ལྡན་སྤུས་རྟགས་དང་གུང་གཞོན་ཚོགས་པའི་རོགས་རེས་འཆར་གཞི་ཞེས་པའི་དབྱར་གསེང་སྐབས་ཀྱི་བརྩེ་སེམས་བཅོལ་སྐྱོང་གླིང་གི་ལས་གཞི་བསྐྲུན་ནས། ལོ་ཆུང་གཞོན་ནུ་རྣམས་ཀྱིས་བདེ་འཇགས་དང་སྤྲོ་སྐྱིད་ལྡན་པའི་དབྱར་གསེང་ཞིག་རོལ་བར་རམ་འདེགས་བྱས།

མཚོ་ལྷོ་ཁུལ་ལོ་ཆུང་གཞོན་ནུའི་རིག་གནས་བྱ་འགུལ་ལྟེ་གནས་ཀྱི་སློབ་ཁྲིད་སོ་སོར་གོ་རིམ་ལྡན་ལ་སློབ་སྦྱོང་གི་རྣམ་པ་ལེགས་ཤིང་། ཡིག་གཟུགས་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་བྱིས་པ་ཚོར་སེམས་ཞིབ་མོས་མཛུབ་ཁྲིད་བྱས་ཏེ་ཡིག་གཟུགས་འབྲི་སྦྱོང་བྱེད་བཞིན་ཡོད་ལ། དེ་ལས་སེམས་གསོ་ཐུབ་པར་མ་ཟད་འཇོན་ཐང་གི་ནུས་པ་ཡང་བསྐྱེད་ཐུབ།

ཁྱད་ཆོས་ལྡན་ཞིང་སྤྲོ་སྣང་ཆེ་བའི་སློབ་ཚན་དེ་དག་ལས་གཞན། བཅོལ་སྐྱོང་ཁང་གིས་ད་དུང་དབྱར་གསེང་གི་ལས་བྱའི་ལྟ་སྐུལ་སློབ་སྟོན་དང་འབྲིང་རྒྱུགས་ལུས་རྩལ་ཆེད་དོན་སྦྱོང་བརྡར། སློབ་ཕྱིའི་ལྟ་ཀློག་མཛུབ་སྟོན་སོགས་ཉེར་སྤྱོད་ཞབས་ཞུའི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ། སློབ་སྦྱོང་ཟུར་ཁྲིད་དང་ལུས་ཕུང་སྦྱོང་བརྡར། གོམས་གཤིས་གསོ་སྐྱོང་བཅས་ལ་ལྟ་རྟོག་བྱས།

སློབ་མའི་ཁྱིམ་བདག་ཅཱ་ཞའོ་ཆིན་གྱིས་བཤད་རྒྱུར། བྱིས་པ་འདིར་བསྐྱལ་ན་ང་ཚོའི་སེམས་པ་ཧ་ཅང་བདེ། འདི་རུ་སློབ་ཐུན་ཕུན་སུམ་ཚོགས་ལ་དོ་དམ་ལེགས་པས། དབྱར་གནང་གི་སྐབས་སུ་བྱིས་པར་བདག་སྐྱོང་བྱེད་མཁན་མེད་པའི་གནད་དོན་ཐག་བཅད་པ་མ་ཟད། བྱིས་པ་ཚོའི་བསླབ་བྱ་མང་པོ་ཞིག་ཀྱང་སློབ་ཐུབ་ཟེར།

དུས་མཚུངས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་དང་བླངས་པ་སྐོར་ཞིག་རང་འགུལ་ངང་ཞབས་ཞུའི་ཁྲོད་དུ་ཞུགས་ནས།བྱིས་པ་ཚོར་སློབ་ཁྲིད་བྱས་ཏེ།དང་བླངས་ཞབས་ཞུའི་སྙིང་སྟོབས་ཀྱིས་བྱིས་པ་ཚོར་དབྱར་གསེང་སྐྱིད་པོ་ཞིག་རོལ་དུ་འཇུག་བཞིན་ཡོད།

 མཚོ་ལྷོ་ཁུལ་ལོ་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རེན་གཡུ་སྒྲོན་མཚོ་ཡིས་བཤད་རྒྱུར། ཐེངས་འདིར་བཅོལ་སྐྱོང་གླིང་གིས་མཐའ་འཁོར་ས་ཁུལ་གྱི་བྱིས་པ་དང་། ཁུལ་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ལོ་ཆུང་བྱིས་པ། ལས་རྣམ་གསར་པའི་ལས་ཞུགས་མི་སྣའི་བྱིས་པ་བཅས་ལོ་ཆུང་བྱིས་པ400ལྷག་བསྡུ་ལེན་བྱས་ཏེ། ཕྱོགས་གཅིག་ནས་སྣ་མང་ཁྱད་ལྡན་སློབ་ཐུན་ལ་བརྟེན་ནས་ལོ་ཆུང་བྱིས་པའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་སྟོབས་ཤུགས་ལ་བརྟེན་ནས་དབྱར་གསེང་སྐབས་ཀྱི་ཁྱིམ་བདག་གི་བྱིས་པའི་བདག་སྐྱོང་ཁུར་པོ་ཇེ་ཡང་དུ་བཏང་བ་ཡིན། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་སློབ་ཐུན་གྱི་ནང་དོན་ཇེ་ལེགས་སུ་བཏང་ནས། བཅོལ་སྐྱོང་ཞབས་ཞུ་ལེགས་པོར་བསྒྲུབ་སྟེ། དྲོད་ཁོལ་ལྡན་པའི་ཕན་བདེ་དེ་ཁྱིམ་ཚང་མང་པོར་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཟེར། 


热门新闻

热门图库

热门排行