དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས།
ཟླ8པའི་ཚེས3ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཏེ། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། <<སྲིད་གཞུང་བྱ་བའི་སྙན་ཞུ>>ལ་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་དུ་བསྟར་ནས་གཞིས་ཁུལ་རྙིང་བ་ལེགས་བསྒྱུར་དང་གཞིས་ཁུལ་དོ་དམ་ཞབས་ཞུའི་རྙོག་འཛིན་ལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། མཁར་གྲོང་གི་ནུས་པ་འཐུས་ཚང་དུ་གཏོང་བ་དང་གནས་སྡོད་དང་འཚམ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་གནོད་སེལ་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཞོད་དུས་ཀྱི་བདེ་འཇགས་དང་ས་གཤིས་གནོད་འཚེ་སྔོན་འགོག་བྱ་བ་དམ་འཛིན་སྒོས་ཉེན་བརྡའི་དང་ལེན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། ཞིན་ཧེའི་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གཤིས་སྐྱོང་བའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་། སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་ཇེ་ལེགས་སུ་བཏང་ནས། ལྔ་སྐྱོང་མཉམ་སྤེལ་གཏིང་ཟབ་དུ་བཏང་སྟེ། སློབ་དཔྱོད་དཔུང་ཁག་སྟོབས་ལྡན་འཛུགས་སྐྱོང་དང་སློབ་ཁྲིད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་སློབ་སྒྲུབ་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། ཐོན་སློབ་ཞིབ་གསུམ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེར་སྤྱོད་ལག་རྩལ་ནང་འདྲེན་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ། དོན་ཐོག་ཏུ་འཁྱོལ་བར་བྱེད་པ། རང་ས་གནས་ཅན་དུ་འགྱུར་བ་བཅས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་རིམ་བཞིན་རིམ་སྤོར་དང་གསར་དར་ཐོན་ལས་སྤུས་འདེགས་ནུས་མཐོ་ཡོང་བར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་ནུས་ཤུགས་སྩོལ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། ཆེད་དོན་བཅོས་སྐྱོང་གི་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་། དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུ་བཟང་པོར་བརྟེན་ནས་ངེས་པ་དོན་གྱིས་དམངས་ཕན་གྱི་བྱ་གཞག་ལེགས་པོ་སྒྲུབ་དགོས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་གཞི་རིམ་དུ་རྟོག་ཞིབ་བྱས་ཏེ། འཕེལ་རྒྱས་ཀྱི་བཀག་རྐྱེན་དང་དཀའ་གནད་གནད་ལ་འཁེལ་བའི་སྒོ་ནས་སེལ་བར་བྱས་ཏེ། སྤྱོད་ཚུལ་ལེགས་པོས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་དུས་ཚིགས་གསུམ་པའི་འགག་སྒྲོལ་གྱི་མཐའ་མའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ལས་གཞིའི་འཛུགས་སྐྲུན་དང་དངུལ་གཏོང་གི་སྤུས་ཚད་མཐོར་འདེགས། ཐོན་ལས་གསོ་སྐྱོང་སོགས་ཀྱི་གནད་འགག་གི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་བྱེད་པ་དང་། མིག་སྔའི་ཨར་ལས་ཀྱི་དུས་སྐབས་བཟང་པོ་དམ་འཛིན་བྱས་ནས་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་ཨར་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ས་ཞིང་དང་མ་དངུལ། ལས་མི་བཀོལ་སྤྱོད་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་བཀག་རྐྱེན་སེལ་ནས་འཛུགས་སྐྲུན་གྱི་ཆ་རྐྱེན་འཛོམས་ཀྱང་ལས་མགོ་མ་བརྩམས་པའི་ལས་གཞི་མྱུར་དུ་ལས་མགོ་རྩོམ་པར་སྐུལ་འདེད་གཏོང་དགོས་པ་དང་། རིམ་པ་ཁག་གི་འགན་གཙང་ལེན་བྱེད་མཁན་གྱི་མགོ་ཁྲིད་ཡུལ་དངོས་སུ་བསྐྱོད་དེ་བཀོད་འདོམས་བྱེད་པ་དང་ཡུལ་དངོས་སུ་གཞུང་སྒྲུབ་བྱས་ནས། ལས་གཞིའི་འཛུགས་སྐྲུན་གྱི་དཀའ་གནད་མཐུན་སྦྱོར་བྱས་ནས་སེལ་བར་བྱེད་པ། ནོར་སྲིད་ཀྱི་འགྲོ་གྲོན་ལ་དུས་བཅད་ལྟར་བཀོད་གཏོང་དང་ཞིབ་འཇུག་བརྡར་ཤ་གཅོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གཏོང་ཡོང་དོ་མཉམ་ཡོང་བའི་མ་མཐའི་ཚད་གཞི་ནན་མོར་སྲུང་ནས། ནོར་སྲིད་བརྟན་པོས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱ་དགོས། ལས་གཞིའི་དུས་མགོའི་ཇུས་འགོད་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་ནན་གྱིས་བསྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་གན་རྒྱ་བཞག་པའི་ལས་གཞིར་མགྱོགས་མྱུར་གྱིས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བྱེད་པ་དང་། སྡེ་ཁག་ལས་བརྒལ་བའི་མཉམ་འབྲེལ་བཀོད་གཏོང་མ་ལག་འཐུས་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་གྱིས་དཔལ་འབྱོར་འཁོར་བསྐྱོད་དང་ལས་གཞིའི་འཛུགས་སྐྲུན་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ཏེ། དངོས་རྫས་ཀྱི་ལས་འབོར་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ནུས་ལྡན་གྱི་མ་གཏོང་རྒྱ་ཆེར་བཏང་ནས། ཁུལ་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་དང་ཡར་ཐོན་འཕེལ་རྒྱས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས་ཞེས་བླང་བྱ་བཏོན།