གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས།

ཟླ8པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་བྱ་བའི་སྙན་ཞུར་ཉན་ཞིང་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། མཐོ་སྒང་གི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གཞིས་ཁུལ་རྙིང་བ་དང་རྨང་གཞིའི་སྒྲིག་བཀོད་ལེགས་བསྒྱུར་སོགས་ལས་གཞིའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱིས་མཛེས་པའི་སྒོ་ར་འཛུགས་སྐྲུན་བྱེད་པར་སྐུལ་སློང་གང་ལེགས་བྱས་ནས། མཁར་གྲོང་གི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་པའི་ཀུན་སྤྱོད་ལ་བརྟེན་ནས་མི་གཤིས་སྐྱོང་བའི་བྱ་གཞག་ལག་བསྟར་བྱེད་པ་དང་། སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱེད་གནས་གཙོ་བོའི་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ། སློབ་མའི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་བསྣན་ནས། མཐོ་རིམ་སློབ་འབྲིང་དར་རྒྱས་སུ་གཏོང་བའི་འཆར་གཞི་དང་འབྲིང་རྒྱུགས་བཅོས་སྒྱུར་སོགས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་བཙུགས་ཏེ་སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོའི་འཛམ་གླིང་མིས་བཟོས་རིག་ནུས་ཚོགས་ཆེན་དང་མིས་བཟོས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཧུར་ཐག་སྒོས་ལྗང་གློག་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་འགུལ་ངང་མིས་བཟོས་རིག་སྟོབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོའི་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། གྲངས་ཀའི་དཔལ་འབྱོར་སྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྩིས་གློག་མཉམ་སྡེབ་ཐོན་ལས་ཀྱི་ལས་གཞི་ནང་འདྲེན་བྱས་ནས་འཛུགས་སྐྲུན་བྱས་ཏེ། ལྗང་གློག་གིས་རྩིས་ཤུགས་ལ་ནུས་པ་སྩོལ་བ་དང་རྩིས་ཤུགས་ཀྱིས་རིག་ནུས་ལ་འདེགས་སྐྱོར་བྱེད་པའི་འཕེལ་རྒྱས་ཀྱི་སྦྲེལ་ཐག་ཆགས་པར་སྐུལ་འདེད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། དུས་རབས་གསར་པའི་ཏང་གིས་དྲག་ཆས་བྱ་བར་དོ་དམ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམག་དཔུང་དང་ས་གནས་དབར་གྱི་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་སྲུང་འཛུགས་སྐྲུན་དང་དམག་བཀུར་ཁྱིམ་སྐྱོང་སོགས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་གཞི་གཅིག་ཅན་གྱི་འཐབ་ཇུས་མ་ལག་འཛུགས་སྐྲུན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། 

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་ཐད་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་ནན་ཏན་གྱིས་ལག་བསྟར་བྱས་ཏེ།ཞོད་འགོག་གནོད་སེལ་གྱི་བྱ་བ་སོ་སོ་གཅིག་གྱུར་གྱིས་དམ་འཛིན་བྱ་དགོས་པ་དང་། ལྷག་པར་དུ་ཟླ7པའི་ཚེས28ཉིན་གྱི་ཞིན་ཧེའི་ཡོམ་རྗེས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ནས། ས་ཁུལ་གཙོ་བོ་དང་མངའ་ཁོངས་གཙོ་བོའི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཡང་བསྐྱར་ཉེན་ཁ་མི་འབྱུང་བར་གཏན་འགོག་བྱ་དགོས་པ་མ་ཟད། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་མགྱོགས་པོར་སྐུལ་འདེད་བྱས་ནས། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ལས་གཞི་གཙོ་བོ་ལག་བསྟར་བྱེད་པ་གཅིག་གྱུར་བཀོད་འདོམས་བྱས་ཏེ། སེམས་ཤུགས་ཡོད་ཚད་ཀྱིས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱ་དགོས། ཞོད་འགོག་བྱ་བར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། གཙང་བོ་དང་མཚེའུ་ཡི་འགྲམ་རྒྱུད་དང་ལུང་ཤུར། ས་གཤིས་ཉེན་ཡོད་ས་ཁུལ། ཡུལ་སྐོར་མཛེས་ལྗོངས་ཁུལ། གཟར་ངོས་ཀྱི་ཁང་པ་སོགས་གནད་འགག་ས་ཁོངས་ལ་དམ་པོར་དམིགས་ནས། བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་གང་ལེགས་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། སྐོར་ཞིབ་ལས་རེས་སོགས་ཀྱི་བྱ་བར་ཤུགས་བསྣན་ནས། འབྲེལ་མཐུད་ལམ་སྲོལ་དང་སྒོ་རྒྱག་པ། ལས་མཚམས་འཇོག་པ། ཕྱིར་འཐེན་པ། གནས་སྤོ་བ། སྐོར་ཞིབ་བྱེད་པ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། དུས་ཚོད24རིང་གི་ལས་རེས་ལས་སྲུང་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཤང་གྲོང་དང་སྡེ་བ་བཅས་སུ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱུ་མཚན་ཅི་ཡིན་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་ཇི་ལྟར་སྐྱོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་བཏབ་པ་ནི་ང་ཚོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན། སློབ་སྦྱོང་དང་གོ་བ་ལེན་པ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ལས་དོན་ཇུས་འགོད་དང་འགལ་བ་འདུམ་འགྲིག ཉེན་ཁ་སྔོན་འགོག་བཅས་ཀྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། དྲིལ་སྒྲོག་སློབ་གསོ་རྒྱུན་རྣམ་ཅན་དང་གཞི་རིམ་བཅོས་སྐྱོང་ཞིབ་ཕྲ་ཅན། དམངས་ཀྱི་ཞབས་འདེགས་ཕན་ནུས་ཅན་བཅས་ཀྱི་ལྟེ་བའི་བླང་བྱར་དམིགས་ཏེ། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་ཞབས་ཞུ། འགལ་བའི་ཉེན་ཁ་འདུམ་འགྲིག་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་ནས་ཁྲིམས་སྐྱོང་གི་ས་གནས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་སྐྱོང་ཞབས་ཞུ་ཐད་ཀར་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཚོགས་འདུ་ལས་དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་གི་སློབ་སྦྱོང་ཞིབ་འཇུག་དང་ཁྱབ་གདལ་བེད་སྤྱོད་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་དང་། ཡུལ་བབ་ལ་བསྟུན་པ་དང་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་སྒོས་དམ་པ་དོན་གཉེར་དང་ཡུན་རིང་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྤོ་སྒྱུར་ཐབས་ལམ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་རིམ་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་བར་སྟོང་སྲུང་སྐྱོང་ནུས་ལྡན་དང་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་གང་ལེགས། སྐྱེ་ཁམས་རིན་ཐང་མུ་མཐུད་དུ་སྤོ་སྒྱུར་བཅས་བྱེད་པའི་འཕེལ་རྒྱས་ཐབས་ལམ་གང་མགྱོགས་སྒོས་ཆགས་པར་བྱ་དགོས། ལེགས་ཆ་དང་ཞན་ཆའི་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ། ལྗང་མདོག་རྩིས་ཤུགས་སོགས་ཀྱི་དགེ་མཚན་གསར་པའི་རྣམ་པ་གྲུབ་པར་ནུས་ཤུགས་བཏོན་ཏེ། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་ལས་རིགས་རྒྱ་སྐྱེད་དང་བསྡུ་ལེན་ཐད་ཀྱི་མི་འདང་བའི་གནད་དོན་སེལ་བ། ལྗང་གློག་དང་ལྗང་མདོག་རྩིས་ཤུགས་སོགས་ཐོན་ལས་གསབ་རེས་ཚོགས་པ་གཏོད་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་ལེགས་ཆ་ཆེ་རུ་གཏོང་བ་དང་ཞན་ཆ་གསབ་ཏེ་སྔར་ལས་ལྷག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཛིན་དང་གསར་གཏོད་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དགེ་མཚན་ཅན་གྱི་སྲ་བརྟན། མ་འོངས་པའི་འཐབ་ཇུས་སྦྲེལ་མཐུད་བཅས་ལ་སྤྱི་ཁོག་ནས་སྤྱི་བསྡོམས་བྱས་ཏེ། ཐོན་ལས་གསར་གཏོད་དང་ལག་རྩལ་གསར་གཏོད་བྱེད་པའི་ཐད་ལ་སྔར་ལས་ནུས་ཤུགས་འདོན་པ་དང་། ཡུལ་བབ་ལ་བསྟུན་པ་དང་ནུས་ཁུངས་གཙང་མས་སྣེ་ཁྲིད་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་། ལག་རྩལ་གསར་པ་བེད་སྤྱོད་གང་ལེགས་བྱས་ནས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤར་བཅས་བྱས་ཏེ། སྲོལ་རྒྱུན་གྱི་དགེ་མཚན་དང་དུས་རབས་ཀྱི་དགོས་མཁོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་ལོའི་ཚུན་ལ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་འཛུགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་གཞི་རིམ་བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ནས། བྱ་བ་སོ་སོའི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་མུ་མཐུད་དུ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ལེགས་པོ་རྩོམ་པར་གཞི་བཙུགས་ནས། ཏང་འཛུགས་ཁྲིད་སྟོན་གྱི་བྱེད་ཐབས་ལེགས་པོར་བརྟེན་ནས་གཞི་རིམ་གྱི་བཅོས་སྐྱོང་རྨང་གཞི་མུ་མཐུད་དུ་བརྟན་པོར་གཏོང་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ནུས་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ཏེ། ལས་དོན་སོ་སོ་བརྟན་པོའི་ངང་སྐུལ་འདེད་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན། 

ཚོགས་འདུ་ལས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་དགོས་པ་དང་། ཐག་གཅོད་བྱས་ཟིན་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ་ཡང་བསྐྱར་གནད་དོན་མི་འབྱུང་བར་བྱས་ནས། བཅོས་སྐྱོང་གི་གྲུབ་འབྲས་ལ་ཡུན་རིང་ཕན་འབྲས་ཐོན་པར་སྐུལ་འདེད་བྱ་དགོས། ཤེས་སྤྱོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཐོག་མཐའ་ཀུན་ཏུ་དམངས་ལ་དོན་བཟང་སྒྲུབ་པའི་རྩ་དོན་ཡིད་ལ་ངེས་པར་ཁྲིད་སྟོན་བྱས་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ། གཞི་རིམ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དཀའ་གནད་ཐག་གཅོད་བྱ་དགོས། བྱས་རྗེས་དངོས་འཇོག་པ་དང་བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་ལེན་པ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་འགན་སྲུང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱེད་པའི་ཐད་མངོན་ནས། སྤྱོད་ལམ་ལེགས་པོ་དང་གྲུབ་འབྲས་བཟང་པོར་བརྟེན་ནས་སྲིད་འབྲས་ལེགས་པོ་ལེན་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

热门新闻

热门图库

热门排行