གནས་ཚུལ། 详情

རང་ཁུལ་གྱིས་ཐབས་ལམ་མང་པོར་བརྒྱུད་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

རྒྱལ་ཁབ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟའི་ཁུལ་སྐོར་གཉིས་པ་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་གཙང་གསུམ་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་ཀྱི་གཞི་རྩ་བརྟན་པོ་ཡོང་བར་གཞིར་བཟུང་ནས། ནུས་ཁུངས་གཙང་མ་དང་སྐྱེ་ཁམས་ཞིང་ཕྱུགས་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར། སྐྱེ་ཁམས་སྤྱི་ཕན་ལས་གཞི་སོགས་ཐབས་ལམ་མང་པོར་བརྒྱུད་ནས་མཉམ་ཤུགས་འདོན་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱུན་མི་ཆད་པར་རྒྱ་སྐྱེད་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ལག་ལེན་ལམ་བུ་ཞིག་བཏོད་ཡོད།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་། ཁུལ་ཡོངས་ཀྱིས་རིམ་བསགས་སྒོས་མ་དངུལ་དུང་ཕྱུར19བཏང་ནས། ཆུ་ཁུངས་བདག་སྐྱོང་དང་རྩྭ་ཐང་ལེགས་བཅོས། རྒྱལ་ཁོངས་ལྗང་སྒྱུར་སོགས་སྐྱེ་ཁམས་བཅོས་སྐྱོང་གི་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པས། སྐྱེ་ཁམས་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་བྱུང་ཡོད། མིག་སྔར་ཁུལ་ཡོངས་ཀྱི་མཁའ་དབུགས་སྤུས་དག་གི་ཉིན་གྲངས་བསྡུར་ཚད་དེ97%ལས་བརྒལ་ཡོད་པ་དང་། ཆུ་དང་གཙང་པོའི་སྤུས་ལེགས་ཚད་དང་ཚད་ལོན་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། ཁྲི་ཀ་དང་ཐུན་ཏེ། ཞིན་ཧེ་རྫོང་བཅས་ལ་རི་བོ་གཉིས་ཀྱི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་པས།སྐྱེ་ཁམས་དཔལ་ཡོན་གསར་གཏོད་ཐད་གྲུབ་འབྲས་མང་པོ་བླངས་ཡོད།

ཆུ་དང་རླུང་། འོད། ཚ་ནུས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས། རང་ཁུལ་གྱིས་ཆུ་དང་རླུང་། འོད། ཚ་ནུས་གསོག་འཇོག་བཅས་གཞི་གཅིག་ཅན་གྱི་ནུས་ཁུངས་གཙང་མའི་མ་ལག་སྐྲུན་པ་དང་། ནུས་ཁུངས་གཙང་མའི་དྲ་སྦྲེལ་གློག་འདོན་བྱེད་ཚད་སྟོང་ཝ་ཁྲི3658ལ་སླེབས་ཡོད། འོད་ནུས་བྱེ་བཅོས་ཀྱི་གསར་གཏོད་རྣམ་པར་སྐུལ་འདེད་བཏང་སྟེ།  ཤེལ་ལེབ་སྟེང་ནས་གློག་འདོན་པ་དང་ཤེལ་ལེབ་འོག་ཏུ་རྩྭ་བཏབ་ནས་གླིང་ཁུལ་གྱི་རྩྭི་ཤིང་ཁེབས་ཚད80%ཡན་ལ་སླར་གསོ་བྱས་ཡོད་པ་དང་། འོད་ནུས་ཕྱུགས་ར32ལ་བརྟེན་ནས་མཚོ་ལྷོའི་འོད་ནུས་ལུག་ཅེས་པའི་ཁྱད་ལྡན་སྤུས་རྟགས་བསྐྲུན། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ། ཁུལ་ཡོངས་སུ་ནོར་གནག་དང་བོད་ལུག་གི་ཚད་ལྡན་ཅན་གྱི་རྟེན་གཞི26དང་མུའུ་ཁྲིའི་གཟན་རྩྭའི་རྟེན་གཞི11བསྐྲུན་ལ། མུའུ་སྟོང་བཞི་ལྷག་གི་སྐྱེ་ལྡན་རྩྭ་ར་ཆེད་དུ་བགོས་ནས། རིམ་རྩིས་ལྟར་ན་རྩྭ་ཐང་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར23.5སྤྲད་ནས། མཐོ་སྒང་གི་ལྗང་མདོག་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད། དུས་མཚུངས་སུ། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་གབ་ཤུགས་སྔོག་འདོན་བྱས་ཏེ། མཚོ་སྔོན་པོ་དང་ཚལ་རྔ་འགག་སོགས་སྤུས་ལེགས་ཐོན་ཁུངས་ཀྱི་ཡུལ་སྐོར་ལམ་ཐིག་སྦྲེལ་ནས། སྐྱེ་ཁམས་སྲུང་སྐྱོང་གི་མཐའ་མའི་དམིགས་ཡུལ་ནི་མང་ཚོགས་ཕྱུག་འགྱུར་དང་ལས་རིགས་དར་སྤེལ་ཡོང་རྒྱུ་དེ་རེད། ཚལ་རྔ་འགག་གི་ཉ་སལ་མོན་སྐྱེ་ཁམས་གསོ་སྤེལ་ར་བའི་ལོ་རེའི་ཐོན་ཚད་ཀྱིས་རྒྱལ་ནང་གི་ཐོན་ཚད་བསྡོམས་འབོར་གྱི་ཕྱེད་ཀ་ཡན་ཟིན་པ་དང་། འཁྱག་ཆུའི་ཉ་རིགས་ཕྱིར་གཏོང་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི97%ཟིན་ཡོད་ལ། གསོ་སྤེལ་ཁྱིམ་ཚང་རེའི་ལོ་འཁོར་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི5ལས་བརྒལ་ཏེ། སྐྱེ་ཁམས་ལེགས་ཕྱོགས་སུ་འཕེལ་བ་དང་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཀྱི་དམིགས་ཚད་དངོས་སུ་མངོན་འགྱུར་བྱུང་ཡོད།


热门新闻

热门图库

热门排行