མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་ལ་ཁྲིམས་ལུགས་རོགས་སྐྱོར་གྱི་ཞབས་ཞུའི་རྣམ་པ་གསར་པ་བཏོད།
ཉེ་ཆར། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཉམ་དུ《དབང་པོ་སྐྱོན་ཅན་གྱི་ཁྲིམས་ལུགས་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་ལ། ཁྲིམས་འཛིན་སྲིད་འཛིན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞབས་ཞུའི་ཐོན་ཁུངས་གཏིང་ཟབ་ངང་མཉམ་འདྲེས་བྱས་ཏེ། ཁྲིམས་འཛིན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གེགས་མེད་ཁྲིམས་ལུགས་ཞབས་ཞུའི་རྣམ་པ་གསར་པ་བཏོད་ཡོད། 《བསམ་འཆར》དེ་ད་ལོའི་ཟླ8པའི་ཚེས20ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
དང་ལེན་ཞིབ་བཤེར་ལམ་སྲོལ་ལེགས་སྒྱུར་བྱེད་པའི་ཐད།《བསམ་འཆར》ལས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་གི་དགོས་མཁོ་མང་བའི་གནད་དོན་ལ་དམིགས་ཏེ། སྤྱི་ཚོགས་འགན་སྲུང་རྩིས་སྤྲོད་དང་། ལས་རྨས་ངོས་འཛིན། བདེ་ཐང་ཞབས་ཞུ་སོགས་དམངས་ཚིས་བྱ་བའི་རོགས་རམ་ཁྱབ་ཁོངས་ཀྱི་གཙོ་གནད་དུ་བཞག་ཡོད། དུས་མཚུངས་སུ་འགྲོ་ལུགས་ཆ་རྐྱེན་སྟབས་བདེ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་མང་པོའི་ཁྱིམ་ཚང་དང་དབང་སྐྱོན་རིམ་པ་དང་པོ་དང་གཉིས་པར་དབྱེ་བའི་དབང་པོ་སྐྱོན་ཅན་ལ་ཁྲིམས་ལུགས་རོགས་སྐྱོར་ཐད་ཀྱི་ཡར་ཞུ་བྱེད་སྐབས་དཔལ་འབྱོར་དཀའ་ངལ་གྱི་གནས་སྟངས་ཞིབ་བཤེར་བྱ་མི་དགོས་པ་བཟོས་ཡོད། ཁྲིམས་ལུགས་རོགས་སྐྱོར་གྱི་སྒྲིག་གཞི་རིམ་པ་སོ་སོས་དབང་པོ་སྐྱོན་ཅན་ལ་འགྲོ་ལུགས་སྟབས་བདེ་བཟོས་ནས། འགྲོ་ལུགས་སྔོན་ལ་སྒྲུབ་པ་དང་ཞིབ་བཤེར་སྔོན་ལ་བྱེད་པ། མངགས་བཅོལ་སྔོན་ལ་བྱ་བ་བཅས་ལག་བསྟར་བྱས་ཏེ། དབང་པོ་སྐྱོན་ཅན་པ་ཚབས་ཆེན་ཡིན་པ་སོགས་ཀྱི་རེ་ཞུ་བྱེད་པར་དཀའ་ངལ་ཡོད་པའི་གནད་དོན་ལ་དམིགས་ནས། ཚབ་སྒྲུབ་ཞབས་ཞུ་སྐུལ་འདེད་བྱས་ནས་གཉེན་མིའམ་ལྟ་སྐྱོང་པས་རེ་ཞུ་བྱས་ཆོག་ལ། དེ་ལས་གཞན་ད་དུང་དབང་པོ་སྐྱོན་ཅན་གྱི་མི་གྲངས་ཀྱི་རྨང་གཞིའི་གཞི་གྲངས་མཛོད་དང་ཁྲིམས་ལུགས་རོགས་སྐྱོར་གྱི་ཆ་འཕྲིན་མ་ལག་གི་གཞི་གྲངས་ཕན་ཚུན་སྦྲེལ་མཐུད་བྱས་ནས་སྒྲུབ་ཡུན་ཇེ་ཐུང་དུ་བཏང་ཡོད། རེབ་འདིར《བསམ་འཆར》སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལ་ཁྲིམས་ལུགས་རོགས་སྐྱོར་གྱི་བྱ་བ་ཚད་ལྡན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བྱེད་པའི་ལག་ལེན་དངོས་ཤིག་ཡིན་པས། ཁྲིམས་ལུགས་རོགས་སྐྱོར་བྱེད་པ་དེ་ཀུན་ལ་ཁྱབ་པ་དང་གནད་ལ་འཁེལ་བའི་ངང་མཐུན་སྦྱོར་དང་རིམ་སྤོར་བྱེད་པ་མངོན་འགྱུར་བྱ་རྒྱུ་རེད།