སྒྲོན་བརྙན། 详情

རང་ཁུལ་གྱིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས30ཉིན་ནས་ཚེས31ཉིན་བར། བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་དུས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་སྣེ་ཁྲིད་དེ་སྔ་གཞུག་ཏུ་མཚོ་ལྷོ་ཁུལ་མེ་ཟོན་རོགས་སྐྱོར་ཡན་ལག་རུ་ཁག་དང་། མཁའ་དམག་ས་ཚིགས་ག་གེ་མོ། དྲག་ཆས་མཚོ་ལྷོ་ཡན་ལག་རུ་ཁག མཚོ་ལྷོ་ཡན་ལག་དམག་ཁུལ་བཅས་སུ་སོང་ནས་ས་གནས་སུ་སྡོད་པའི་དཔོན་དམག་དང་མེ་ཟོན་རོགས་སྐྱོར་བཀོད་འཐབ་པ་ཡོངས་ལ་འཚམས་འདྲིའི་དངོས་རྫས་དང་ལྷག་བསམ་གྱི་སྨོན་འདུན་ཕུལ་ནས། དམག་དཔུང་དང་ས་གནས་གཉིས་ཀྱི་འབྲེལ་འདྲེས་བཟང་པོ་དང་མ་འོངས་པའི་མཉམ་འདྲེས་འཕེལ་རྒྱས་ཐད་གྲོས་མོལ་བྱས།

f19361b7dd69386f2beed917eba6048f-o.jpg

མཚོ་ལྷོ་ཁུལ་མེ་ཟོན་རོགས་སྐྱོར་ཡན་ལག་རུ་ཁག་ནས་ཞུང་ཡོན་ལའེ་འཁོར་དང་བཅས་པས་ཡན་ལག་རུ་ཁག་འཛུགས་སྐྲུན་དང་ལས་སྒྲུབ་དམག་གྲབས། ཡོམ་འགོག་རྒུད་སྐྱོབ། གནོད་སེལ་རོགས་སྐྱོར་སོགས་ཀྱི་བྱ་བའི་མཚམས་སྦྱོར་ལ་ནན་ཏན་གྱིས་ཉན་པར་མ་ཟད། མེ་ཟོན་རོགས་སྐྱོར་གྱི་སྒྲིག་ཆས་སྣ་ཚོགས་ལ་བལྟས་ནས། སྒྲིག་ཆས་བཀོལ་སྤྱོད་དང་རྒྱུན་ལྡན་གྱི་ཞིག་གསོའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དུས་ཡུན་རིང་པོར་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོར་དཔུང་ཁག་གིས་བཀའ་བརྡ་དུས་ཐོག་ཏུ་དང་ལེན་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་དང་ཞོད་འགོག་གནོད་སེལ། མེ་ཟོན་རོགས་སྐྱོར། འཕྲལ་བསྟུན་ཐག་གཅོད་བཅས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ཡོང་བ་བཅས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། མེ་ཟོན་རོགས་སྐྱོར་སྡེ་ཁག་གིས་མུ་མཐུད་དུ་རོགས་སྐྱོར་གྱི་ནུས་པ་ཆེ་རུ་བཏང་ནས། དུས་རྒྱུན་དུ་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང་ཆབས་ཅིག་ཏུ་རོང་འབྲོག་ས་ཁུལ་ལ་དམིགས་ནས་མེ་ཟོན་བདེ་འཇགས་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་སྒོས་མེ་འགོག་ཤེས་བྱར་སློབ་པ་དང་མཉམ་འགོག་མཉམ་སྐྱོང་ནང་ཞུགས་པར་སྐུལ་སློང་བྱས་ནས། གཞི་རིམ་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས་ཞེས་རེ་བ་བཏོན། 

18f1f1a90132a8181413365d7cf88b4e-o.jpg

མཁའ་དམག་ས་ཚིགས་ག་གེ་མོ་རུ་ཞུང་ཡོན་ལའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ས་ཚིགས་ཀྱི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཕུལ་ཞིང་། སྔ་རྗེས་སུ་ས་ཚིགས་ཀྱི་ལོ་རྒྱུས་ཁང་དང་དཔོན་དམག་གི་འཚོ་བའི་ཁུལ་ལ་ལྟ་སྐོར་བྱས་པར་མ་ཟད། དམག་སྒར་གྱི་སྒྲིག་ཆས་དང་འཚོ་བའི་འགན་སྲུང་། དུས་རྒྱུན་གྱི་སྦྱོང་བརྡར་ཆ་རྐྱེན་བཅས་ལ་བལྟས་ནས། དཔོན་དམག་གི་ལས་རེས་སྦྱོང་བརྡར་དང་འགྲོ་འདུག་སྤྱོད་གསུམ་སོགས་ཀྱི་གནས་ཚུལ་ཞིབ་ཕྲས་འདྲི་རྩད་བྱས། ཞུང་ཡོན་ལའེ་ཡིས་ས་ཚིགས་ཀྱི་དཔོན་དམག་གིས་དུས་ཡུན་རིང་བོར་མཐོ་སྒང་དུ་ལས་རྐང་བརྟན་སྲུང་བྱས་ཏེ། མཁའ་ཁོངས་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱས་པར་གུས་འདུད་ཞུས་པ་དང་། ཚང་མས་མུ་མཐུད་དུ་སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱེད་པ་དང་། མཐོ་སྒང་དུ་གཞི་ཚུགས་ནས་ལས་འགན་སྒྲུབ་སྟེ་དམག་གྲབས་རྨང་གཞི་བརྟན་པོར་གཏོང་དགོས་ཞེས་རེ་བ་བཏོན།

དྲག་ཆས་མཚོ་ལྷོ་ཡན་ལག་རུ་ཁག་དང་མཚོ་ལྷོ་ཡན་ལག་རུ་ཁག་ནས་དོན་གྲུབ་ཀྱིས་དཔོན་དམག་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་ལྷག་བསམ་གྱི་འཚམས་འདྲི་ཞུས་པ་མ་ཟད། སྦྱོང་བརྡར་ས་ཁུལ་ལ་ལྟ་སྐོར་དང་མི་སྣའི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དུས་ཡུན་རིང་པོར་ས་གནས་སུ་སྡོད་པའི་དམག་དཔུང་གིས་དགོངས་དོན་ཡིད་ལ་དམ་པོར་བཅངས་ནས་འགན་ནུས་སྒྲུབ་པ་དང་། བདེ་སྲུང་སྐོར་ཞིབ་དང་གནོད་འགོག་རོགས་སྐྱོར། གྲོང་གསེབ་དར་སྤེལ་སོགས་འོས་འགན་སོ་སོ་དང་དུ་བླངས་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྟེ། ཁུལ་ཡོངས་འཕེལ་རྒྱས་གཏན་འཇགས་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་པས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ཏེ་ཚང་མར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་གྱི་བཀའ་དྲིན་ཞུས། དཔོན་དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་པའི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དམག་སྦྱོང་དམག་གྲབས་དམ་འཛིན་དང་འགན་ནུས་ནུས་པ་ཇེ་དྲག་སྒོས། སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱས་ཏེ། ས་གནས་འཛུགས་སྐྲུན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། རྒྱལ་སྲུང་སྐུལ་སློང་དང་དམག་མི་བསྡུ་བ། དམངས་དམག་འཛུགས་སྐྲུན། གཉིས་བཀུར་མཉམ་འཛུགས་སོགས་ཀྱི་བྱ་བའི་ཁྲོད་དུ་ཡང་བསྐྱར་གྲུབ་འབྲས་ཆེན་པོ་བླངས་ཏེ། སྤྱོད་ཚུལ་ལེགས་པོས་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བརྟན་པོར་སྲུང་ནས། ཁུལ་ཡོངས་ཀྱི་ཚད་མཐོའི་འཕེལ་རྒྱས་ལ་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས་ཞེས་རེ་བ་བཏོན།

ཁུལ་གྱི་མགོ་ཁྲིད་ཚེ་རིང་དང་ཀའོ་ཡུང་ཧུང་། ཏེང་ཧྲེང་ཕེང་། ཧྥུན་རུན་ཡོན། ཀེང་ཧྲེང་ཁྲེང་། བསོད་ནམས་བདེ་སྐྱིད། མཱ་ཞའོ་ཝེ་བཅས་བྱ་འགུལ་ལ་ཞུགས།།

热门新闻

热门图库

热门排行