གནད་བསྡུས། 详情

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུ་ཡིན་པ་གཏན་འབེབས་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུ་ཡིན་པ་གཏན་འཁེལ་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ7པའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ10པར་པེ་ཅིན་དུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཤིང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་ཕུལ་རྒྱུ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། གྲོས་ཚོགས་ལས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་གྲུབ་འབྲས་རླབས་ཆེན་བླངས་ཤིང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་ཡུལ་ཁམས་གསར་པ་བཏོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ལ་ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རང་དབང་ཐོབ་ཡོད། དེ་དང་ཆབས་ཅིག འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན་ནས། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོར་འཕྲད་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་ཡོད་དགོས་པ་དང་། ཡིད་ཆེས་བརྟན་པོ་དང་གཏན་ཤུགས་སྲུང་འཛིན་བཅས་བྱེད་དགོས་ལ། ཚད་གཞི་སྔར་བས་མཐོ་ཞིང་བྱེད་ཐབས་སྔར་བས་ཏན་ཏིག་གིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་འཛུགས་སྐྱོང་ཐད་འཕྲད་ཡོད་པའི་འབུར་ཐོན་གནད་དོན་བཅོས་སྐྱོང་ལེགས་པོ་དང་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། ཏང་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བ་ལས་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་ལེགས་པོ་སྲ་བརྟན་དང་འཕེལ་རྒྱས་གང་ལེགས་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྐྱོང་ལ་སྐུལ་འདེད་གཏོང་དགོས་ན། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་བཟུང་སྟེ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་བཅས་ལ་དམིགས་ཏེ། རྩ་བའི་དགོངས་གཞི་ནན་མོ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གཟབ་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ། ཏང་གི་ཕྱོགས་གང་ཅིའི་ཐད་ཀྱི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ་དང་། ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་ཡར་རྒྱས་བཅས་ཟམ་མི་ཆད་པར་མངོན་འགྱུར་བྱས་ནས། ཏང་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་ལྷག་བསམ་གོང་བཀུར་དང་། ཉམས་སད་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་གི་འགྱུར་བར་ཁག་ཐེག་བྱ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་ཀྱི་སྲོག་ཤིང་མགོ་ཁྲིད་དུ་འགྱུར་བར་བྱེད་དགོས།

གྲོས་ཚོགས་ལས་ད་ལོའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དཔའ་ངར་ཆེན་པོས་འབད་འཐབ་བྱས་ཤིང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། ནུས་ལྡན་སྒོས་ཕྱི་ཕྱོགས་ཀྱི་ཕོག་ཐུག་དང་ནང་ཁུལ་གྱི་དཀའ་ངལ་སྣ་ཚོགས་ལ་གདོང་གཏད་དེ། རང་རྒྱལ་གྱི་དཔལ་འབྱོར་ཐད་སྒུལ་ནུས་གསར་པ་དང་གྲུབ་ཚུལ་ལེགས་པའི་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན་ཡོད། དེ་དང་ཆབས་ཅིག དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་དང་། ཡིད་ཆེས་བརྟན་པོ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གོ་སྐབས་དང་དགེ་མཚན་སྣ་ཚོགས་བེད་སྤྱོད་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་རླིང་ངང་ཡུན་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པར་འདོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་དགོས་ན། ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པར་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་སྔར་ལས་ལེགས་པོའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་རྒྱུན་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྔར་ལས་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། གསོག་ཚད་སྲིད་ཇུས་སོ་སོའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དངོས་གཉེར་གོ་ཆོད་ཡིན་པའི་འཕར་ཚད་སྲིད་ཇུས་དུས་ཐོག་ཏུ་ཇུས་འགོད་བྱེད་པ། དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་སྒྱུར་ཐད་ཤུགས་སྣོན་པ། དོན་དམ་པས་དམངས་འཚོ་ལ་འགན་སྲུང་དང་ལེགས་སྒྱུར་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་གནས་ཚུལ་རྒྱུན་མཐུད་ངང་གསར་པའི་ཕྱོགས་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་ཞིག་འཛུགས་པརྒྱུར་འབད་བརྩོན་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཀྱིས་ཤུགས་བཏོན་ནས་ཕན་འབྲས་ཇེ་ཆེ་རུ་གཏོང་དགོས་ལ། ནོར་སྲིད་ཀྱི་གཏོང་སྒོ་དང་བུན་འཛིན་གྱི་མ་དངུལ་བེད་སྤྱོད་ཚད་མགྱོགས་སུ་བཏང་ནས། གཙོ་གནད་གཉིས་ཀྱི་འཛུགས་སྐྲུན་དང་གསར་པ་གཉིས་ཀྱི་བྱ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། གཞི་རིམ་གྱི་འགན་སྲུང་གསུམ་གྱི་ཚད་མཐའ་བརྟན་པོར་སྲུང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་དང་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། ནོར་སྲིད་དང་དངུལ་རྩ་མཉམ་སྡེབ་བྱས་ནས་ནང་མཁོ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལེགས་སྒྱུར་དང་ལག་བསྟར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ནང་གི་དགོས་མཁོ་ནུས་ལྡན་ངང་རྒྱ་ཆེ་རུ་བཏང་སྟེ། ཚོགས་སྤྱི་མི་འདྲ་བའི་འཛད་སྤྱོད་དགོས་མཁོ་དང་བསྟུན་ནས་སྤུས་ལེགས་མཁོ་འདོན་གྱི་གཞི་ཁྱོན་ཇེ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་བག་ཤུགས་སྔོག་འདོན་བྱེད་དགོས། དྲ་བ་དྲུག་གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཡུན་རིང་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་དང་མཉམ་སྡེབ་བྱེད་པའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བ་དང་། མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། སྔོན་ཐོན་ལག་རྩལ་གྱི་འགག་སྒྲོལ་དང་མ་འོངས་པའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གསར་དར་གཙོ་རྟེན་ཐོན་ལས་སྐྲུན་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས་ཏེ། ནང་སྒྲིལ་རྣམ་པའི་འགྲན་རྩོད་ལ་མུ་མཐུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། ཁེ་ལས་ཀྱི་གླ་རིན་འགྱངས་ཆད་ཀྱི་གནད་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་ཐག་གཅོད་བྱེད་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་གཏོང་བ། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གཉིས་ཕན་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཉོ་ཚོང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་དངུལ་གཏོང་གི་དོ་དམ་ལམ་ལུགས་དང་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་བྱེད་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་གསུམ་བྱ་བ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཡག་པོ་སྒྲུབ་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ་སྲུང་སྐྱོབ་བཅས་ཀྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཕག་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། ཞིང་པའི་ཡོང་འབབ་བརྟན་པོའི་ངང་ཇེ་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ། སྟོན་འབྲུ་དང་ལོ་ཧྲིལ་བོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་དགོས་ལ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་འགན་སྲུང་བྱ་བ་ཡག་པོ་སྒྲུབ་དགོས། རྒན་གཅིག་ཆུང་གཅིག་གི་ཞབས་ཞུའི་འགན་སྲུང་དམ་འཛིན་ཡག་པོ་བྱས་ཏེ། རིམ་དབྱེ་རིགས་བགོའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་། བྱང་གསུམ་ལས་གྲྭའི་འགག་སྒྲོལ་བྱ་བ་ལེགས་པར་སྒྲུབ་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ལྕགས་རི་བརྟན་པོར་བསྐྲུན་དགོས། ཁང་སའི་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་པ་དང་། བུ་ལོན་སེལ་བའི་འཆར་གཞི་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱེད་པ། ས་གནས་ཀྱི་དངུལ་རྩའི་ལས་ཁུངས་ཆུང་འབྲིང་གི་བཅོས་སྒྱུར་ཉེན་སེལ་དང་། འབོར་འཕྲི་སྤུས་འདེགས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མ་རྩའི་ཁྲོམ་རའི་དངུལ་གཏོང་དངུལ་བསྲེས་སྐོར་གྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། མ་རྩའི་ཁྲོམ་རའི་མཉེན་ཆ་དང་ཡིད་ཆེས་ཇེ་ཆེ་རུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཉེན་ཡོད་ཆུ་མཛོད་དང་གཙང་ཆུའི་ཆུ་རགས། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ། གྲོང་ཁྱེར་གྱི་གཤོང་སའི་ཆུ་འཁྱིལ་སླ་བའི་གནས་སོགས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཞོད་འགོག་འཕྲལ་བསྟུན་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དགོས་ལ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔར་ལས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

热门新闻

热门图库

热门排行