བསིལ་ལྡན་ཁྲི་ཀའི་གནམ་གཤིས་ཐོན་ཁུངས་དེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་ཏུ་གྱུར།
རང་ཚགས་པར་གྱི་འཕྲིན། ཉེ་སྔོན། རྨ་ཀླུང་སྔོན་མོ་མཚོ་ལྷོར་བསྐྱོད་ཅེས་པ་ལས་རྨ་ཡུལ་ཁྲི་ཀར་བསིལ་རླུང་ལྡང་། ཤུལ་བཞག་རིག་གནས་ཉམས་སུ་མྱོང་ཞེས་པའི་ཕྲང་བསྟར་བྱ་འགུལ་དངོས་སུ་མགོ་བརྩམས་ཤིང་། མགོ་རྩོམ་ཡུལ་དངོས་སུ་ཁྲི་ཀའི་ཡུལ་སྐོར་གནམ་གཤིས་ཀྱི་རྒྱབ་ཤོག་དཀར་པོའི་དེབ་ཅེས་པ་འགྲེམས་སྤེལ་བྱས་ཏེ། ཧྲེ་ཧྲི་ཏུའུ25.6ཡི་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་ཡུལ་སྐོར་གནམ་གཤིས་སྤུས་རྟགས་དངོས་སུ་བཏོད་དེ། གནམ་གཤིས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ཕྱོགས་སུ་མྱུར་དུ་རིམ་སྒྱུར་བྱེད་པའི་གཅིག་སྡུད་འགྲེམ་སྟོན་ལ་སྐུལ་འདེད་བཏང་།
དབྱར་གཞུང་འདིར་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚ་བ་ཆེན་མོ་ཆེ་ནའང་། རྨ་ཆུའི་གྲོག་རོང་དུ་གནས་པའི་ཁྲི་ཀ་རྫོང་གིས་ཐུན་མོང་མ་ཡིན་པའི་ཁ་དབུགས་བསིལ་མོའི་སྤུས་ལེགས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ཏེ། ཚ་བར་གཡོལ་བའི་རྫོགས་ལྡན་གྱི་དུས་ཚིགས་ཤིག་བསུས་ཡོད། གདེང་ཚོད་འདི་འདྲ་ཞིག་ཡོད་པ་ནི་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་དབང་གྲགས་ངོས་འཛིན་གསར་ཤོས་ལས་བྱུང་བ་ཡིན་ལ། ཁྲི་ཀ་དེ་སྐམ་སའི་ས་བབ་མཐོ་བའི་མཐོ་སྒང་གི་ཚ་བར་གཡོལ་བའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་ཚ་གཡོལ་འོས་སྦྱོར་ལམ་ཐིག་ཁྲོད་ཚུད་ཡོད། དེ་ལས་རྨ་ཆུའི་འགྲམ་རྒྱུད་ཀྱི་མཐོ་སྒང་གྲོང་ཁྱེར་ཆུང་ཆུང་དེར་ཚ་གཡོལ་གྱི་གནས་གཙོ་བོ་ཡིན་ཞེས་གཞུང་ཕྱོགས་ཀྱི་ཁས་ལེན་ཐོབ་སྟེ། རྒྱལ་ཡོངས་ཡུལ་སྐོར་བའི་མིག་ལམ་དུ་ཐོག་མར་མངོན་པ་མཚོན་ཡོད།
ཁྲི་ཀ་ནི་ས་སེར་མཐོ་སྒང་ནས་མདོ་དབུས་མཐོ་སྒང་གི་བར་བརྒལ་ཁུལ་དུ་གནས་པ་དང་། ཕྱོགས་བཞི་རི་བཞིས་བསྐོར་ཞིང་། རྨ་ཆུ་གྲོང་ཁྱེར་བརྒྱུད་ནས་བཞུར་བཞིན་ཡོད་པས། གྲོག་རོང་གཤོང་སའི་མཚོན་རྟགས་ཤིག་ཏུ་གྲུབ་ཡོད། རྫོང་མཁར་གྱི་ས་བབ་མཐོ་ཚད་ལ་སྨི2170ཡོད་ཅིང་། དེ་ཏག་ཏག་གསོ་རིག་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་ཁམས་གསོའི་ས་བབ་མཐོ་ཚད་ཀྱི་བར་མཚམས་སུ་ཡོད། གནམ་གཤིས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། གནས་འདིའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ8.2ལས་མེད་པ་དང་། ཚ་བ་ཆེས་ཆེ་བའི་དུས་ནི་ཟླ6པ་ནས་ཟླ8པའི་བར་ཡིན་ལ། ཆ་སྙོམས་ཀྱི་དྲོད་ཚད་ཆེས་མཐོ་ཤོས་ཀྱང་ཧྲེ་ཧྲི་ཏུའུ 25.6ལས་མེད། དབྱར་ཟླ་ཧྲིལ་པོར་ཚ་བ་ཆེ་བའི་གནམ་གཤིས་ཧ་ལམ་མེད་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་མངོན་གསལ་ཡིན་པས། ས་གནས་ཀྱི་མིས་གནས་དེར་རང་བྱུང་མཐོ་སྒང་གི་དྲོད་སྙོམས་འཕྲུལ་ཆས་ཞེས་འབོད་ཀྱི་ཡོད་ལ། ཁྲི་ཀའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལའང་གཞི་གྲངས་ཀྱི་འདེགས་སྐྱོར་ཆེན་པོ་ཡོད།67ལོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ཆ་ཚང་ལ་བརྟེན་ནས་ས་གནས་དེ་གའི་ལོ་རེར་ཆ་སྙོམས་མོ་དབྱང་གྱེས་རྡུལ་གྱི་གར་ཚད་ལི་སྨི་རྒྱ་དཔངས་གྲུ་བཞི་མ2250ཟིན་པ་དང་མཁའ་རླུང་གཙང་མའི་ཚད་གཞི་ལས་བརྒལ་ཡོད།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2200ཡས་མས་ཀྱི་དབྱང་རླུང་དམའ་བའི་ཁོར་ཡུག་འོས་འཚམ་ཞིག་ལུས་རྩལ་གསོ་རིག་ཆེད་མཁས་པས་མིའི་ལུས་ཁམས་རྙིང་ཚབ་གསར་བརྗེར་སྐུལ་སློང་དང་། སྙིང་དང་གློ་བའི་ནུས་པ་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་མ་ཟད་མཐོ་སྒང་གི་ལ་དུག་ཧ་ལམ་ཕོག་མི་སྲིད་པ་དང་རྒན་པའི་མི་ཚོགས་ལ་དེ་བས་ཕན་ཐོགས་པ་ངོས་འཛིན་བྱས་ཡོད།
གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པོ་དེ་དག་ད་ཆ་བརྒྱུད་རིམ་ལྡན་པའི་ངང་ཁྲི་ཀའི་ཡུལ་སྐོར་གནམ་གཤིས་ཀྱི་རྒྱབ་ཤོག་དཀར་པོའི་དེབ་ནང་བཅུག་ནས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གསར་དུ་བཏོན་པའི་ཧྲེ་ཧྲི་ཏུའུ25.6ཡི་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་ཡུལ་སྐོར་ལམ་ཐིག་བཏོད་དེ། གནམ་གཤིས་བསིལ་མོ་དང་དྭངས་གཙང་གི་རྨ་ཆུ། མཚལ་ལྗོངས་ས་དབྱིབས། མཐོ་སྒང་གི་ཁམས་གསོ་བཅས་ཀྱི་ས་བབ་དགེ་མཚན་བཞི་ཡིས་རིག་གནས་ཡུལ་སྐོར་གྱི་མིང་བྱང་བསྐྲུན་ཏེ། ཟླ་བདུན་པ་དང་བརྒྱད་པ་མ་གཏོགས་ཕྱི་རོལ་གྱིས་མཚོ་སྔོན་ལ་ཡུལ་སྐོར་བྱེད་པར་ཡོང་མི་ཐུབ་པ་དང་། དེ་མིན་ཚེ་མཚོ་སྔོན་པོ་ཁོ་ནར་ལྟ་བའི་འགྱུར་མེད་ཀྱི་བག་ཆགས་དེ་འགྱུར་ལྡོག་འབྱུང་བཞིན་ཡོད།
ཁྲི་ཀའི་ཡུལ་སྐོར་གནམ་གཤིས་ཀྱི་རྒྱབ་ཤོག་དཀར་པོའི་དེབ་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་ཧྲེ་ཧྲི་ཏུའུ25.6དང་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྒྱུན་མཐུད་ངང་བསྐྲུན་པ་དང་ཆབས་ཅིག་ཁྲི་ཀས་གནམ་གཤིས་ཐོན་ཁུངས་དེ་ཐོན་ལས་ཅན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད། རྨ་ཆུའི་འགྲམ་ངོགས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་དགེ་མཚན་དེ་པར་དེབ་དང་དྲིལ་བསྒྲགས་ཁྲོད་ཀྱི་རང་བྱུང་ཡུལ་ལྗོངས་ཁོ་ན་མ་ཡིན་པར་དངོས་གནས་དྲང་གནས་རང་ཡུལ་དུ་རྩ་བ་ཚུགས་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པའི་འཕེལ་རྒྱས་ཀྱི་མ་རྩ་ཡིན། རྒྱུན་ཆད་རྒྱུ་མེད་པའི་ཡུལ་སྐོར་བ་ཆུ་འགྲམ་དང་སྲང་ལམ་བརྒྱུད་ཅིང་། ཞིང་སར་ཤིང་ཏོག་གི་དྲི་ཞིམ་འཐུལ་བ་དང་བཟོ་ཁང་ནང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་ཐུབ་ཡོད།
མཛེས་པའི་རི་ཆུ་སྔོན་མོ་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དུ་གྱུར་བའི་འཕེལ་རྒྱས་ཀྱི་ཁེ་ཕན་དུ་འགྱུར་བཞིན་ཡོད་པ་དང་མཐོ་སྒང་གི་གྲོག་རོང་ཆེན་མོས་སྐྱེ་ཁམས་དང་རྔམ་མཐུག་པའི་རྨོ་འདེབས་རིག་གནས་ཡུལ་སྐོར། བདེ་སྡོད་ལས་བརྩོན་བཅས་ཀྱི་གསོན་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་བཏོད་ཡོད།