གནད་བསྡུས། 详情

དོན་གྲུབ་ཞིན་ཧེ་རྫོང་གི་ཤང་གྲོང་ཁག་ཅིག་ཏུ་སོང་ནས་ཡོམ་འགོག་གེགས་སེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཟླ7པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཞིན་ཧེ་རྫོང་གི་ཆུ་ཁོལ་ཤང་དང་ལུང་བཟང་ཤང་།འབྲོང་ཐུས་ཤང་།ཆུ་སྔོན་གྲོང་བརྡལ།ཐང་ནག་གྲོང་བརྡལ་བཅས་སུ་སོང་ནས་ཡུལ་དངོས་སུ་གནོད་འཚེ་ཐེབས་རྗེས་ཀྱི་བྱ་བའི་སྒྲུབ་ཚུལ་དང་འབྲུབ་འགོག་གེགས་སེལ་གྱི་གཙོ་གནད་བྱ་བའི་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

དོན་གྲུབ་སྔ་རྗེས་སུ་ཤང་གྲོང་གི་བཀོད་སྒྲིག་བྱ་ཡུལ་དང་དངོས་ཟོག་གྲབས་གསོག་བྱ་ཡུལ།དེ་མིན་ཉེན་ཁ་ཆེ་བའི་གནས་སུ་སོང་ནས་རོང་འབྲོག་མང་ཚོགས་ཀྱི་ཁང་པར་གནོད་འཚེ་ཐེབས་ཚུལ་ལ་གྲལ་བཤེར་ཐོ་འགོད་དང་།གནོད་ཐེབས་མང་ཚོགས་གནས་སྐབས་སུ་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་དང་།འཕྲལ་བསྟུན་དངོས་ཟོག་གྲབས་གསོག་བཀོད་སྒྲིག་དང་ཉེན་སེལ་གྲ་སྒྲིག་སོགས་ཀྱི་བྱ་བ་དོན་འཁྱོལ་བྱས་ཚུལ།ཤང་གྲོང་ཁག་གི་གནོད་འཚེ་ཐེབས་ཚུལ་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་དང་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་གི་མྱུར་ཚད།དེ་མིན་འཕྲལ་བསྟུན་ཐག་གཅོད་ཁྲོད་གནས་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་གནང་བ་དང་།ཡུལ་དངོས་སུ་གཞི་རིམ་གེགས་སེལ་དང་འབྲུབ་འགོག་བྱ་བའི་བྱ་ཐབས་ཇེ་ལེགས་སུ་གཏོང་བའི་ཐད་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

དོན་གྲུབ་ཀྱིས་མིག་སྔར་ཞིན་ཧེ་རྫོང་ནི་ཡོམ་འགོག་གེགས་སེལ་གྱི་འགག་རྩའི་དུས་སུ་སླེབས་ཡོད་པས།རྫོང་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཡོམ་འགོག་གེགས་སེལ་དང་འབྲུབ་འགོག་གེགས་སེལ་ལ་དམ་འཛིན་བྱས་ཏེ།ལྷོད་གཡེང་གི་བསམ་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས།གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོའི་བྱ་བ་ཁག་ལ་སྤྱི་འདོམས་སྐུལ་འདེད་བྱ་དགོས་པ་དང་།དམངས་ལ་གོང་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས།རོང་འབྲོག་ཁུལ་གྱི་སྡོད་གནས་ཐ་ཐོར་དང་རི་ཁུལ་གྱི་ཉེན་ཁ་ཆེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁའི་ས་ཁོངས་དབྱེ་འབྱེད་གཏན་འཁེལ་བྱེད་པ་དང་།གནོད་འཚེ་ཐེབས་པའི་རོང་འབྲོག་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་བྱ་བ་གོ་རིམ་ལྡན་པ་དང་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ནས།དངོས་ཡོད་དཀའ་ངལ་ལ་ཐག་གཅོད་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།

热门新闻

热门图库

热门排行