གནད་བསྡུས། 详情

མཚོ་སྔོན་གྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཐད་འཛད་སྤྱོད་སྒོར་དུང་ཕྱུར38.5ལ་སླེབས།

ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས།སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ།འཛད་སྤྱོད་དངོས་རྫས་ཐད་རྙིང་ཚབ་གསར་བརྗེ་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ལ་སྐུལ་འདེད་དང་འཕར་སྣོན་བརྟན་པོ་ཡོང་བ།དམངས་ལ་ཕན་ཁེ་ཐོབ་པ་བཅས་བྱས་ཡོད།ཟླ7པའི་ཚེས26ཉིན་བར།ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་དེ་མི་ཐེངས་ཁྲི39.2ལ་ཁྱབ་པར་བྱས་པ་དང་འཛད་སྤྱོད་སྒོར་དུང་ཕྱུར38.5ལ་སླེབས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར་ཞིང་ཆེན་ཚོང་དོན་ཐིང་གིས་དམིགས་བྱའི་རྒྱལ་ཁབ་རིམ་པའི་སྲིད་ཇུས་ཀྱི་བླང་བྱ་བཏོན་ཏེ།ལོ་ཧྲིལ་པོའི་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་འབྲེལ་མཐུད་མངོན་འགྱུར་བྱུང་ཡོད་པ་དང་།འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་སྔ་རྗེས་སུ་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས།རིག་ནུས་ཐོན་རྫས།ས་གནས་ཀྱི་རང་བསྐྲུན་ཐོན་རྫས་རིགས་སོགས་རྙིང་ཚབ་གསར་བརྗེའི་ཁ་གསབ་ཀྱི་ཞིབ་སྲོལ་མང་པོ་བཏོན་ནས།2026ལོའི་སྲིད་ཇུས་མ་ལག་ཆགས་པར་བྱས་ཡོད།དུས་མཚུངས་སུ།ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་མོར་གཏོང་བ་དང་ཁེ་ལས་ལ་དབང་ཚད་སྤྲད་ནས།རྫོང་རིམ་པའི་ཐོག་མའི་ཞིབ་བཤེར་དང་།གྲོང་ཁྱེར་དང་ཁུལ་གྱི་བསྐྱར་ཞིབ།ཞིང་ཆེན་རིམ་པའི་ཁས་ལེན་བཅས་ཀྱི་བརྒྱུད་རིམ་གཞིར་བཟུང་སྟེ།ཁེ་ལས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་མ་ལག་ལ་བརྒྱུད་ནས།སྔ་རྗེས་སུ་ཅིང་ཏུང་དང་འཁྱུག་དབྱངས།ཞའོ་མེ།སུའུ་ཉིན།ཐའོ་ཐེན་བཅས་གློག་རྡུལ་ཚོང་དོན་སྟེགས་བུ5དང་ཁེ་ལས1514(ཚོང་ཁང1827ཁེབས་པ)ཡིས་མིང་ཐོ་བཀོད་ནས་བྱ་འགུལ་ཁྲོད་ཞུགས་ཡོད།

དེ་མིན།སྲིད་ཇུས་དང་བྱ་འགུལ་ལ་སྐུལ་འདེད་བྱེད་པའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ས་གནས་སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞི།ལས་རིགས་ཁེ་ལས་བཅས་ཕྱོགས་གསུམ་གྱིས་འཛད་སྤྱོད་ཐོན་ཁུངས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་དང་།འཛུགས་སྐྲུན་དངུལ་ཁང་དང་ཅིན་ཏུང་གི་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རིག་ནུས་འཛད་སྤྱོད་དུས་ཚིགས་དང་།ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་དུས་ཚིགས།རྒྱལ་ཁབ་ཀྱི་ཁ་གསབ་གཞི་རིམ་ཏུ་སྤེལ་བ་བཅས་བྱས་ནས། བཟོ་ཚོང་དངུལ་ཁང་དང་ཧྭ་ཝེ་མཚོ་སྔོན་སྒྲིག་ཆས།སུའུ་ཉིང་ཉོ་འཚོང།་ནུབ་བྱང་ཁྱིམ་སྤྱོད་གློག་ཆས་སོགས་ཚོང་རྟགས་གྲགས་ཅན་དང་ཁེ་ལས་ཆེ་གྲས་ལ་མཉམ་འབྲེལ་བྱས་ནས།སྲིད་གཞུང་དང་དངུལ་ཁང་།ཁེ་ལས་བཅས་ཀྱིས་མཉམ་འབྲེལ་སྒོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་འགུལ་སྤེལ་བ་དང་།རྙིང་ཚབ་གསར་བརྗེ་བྱེད་པ་དེ་མ་ལ་སུང་རྒྱང་རྒྱུག་དང་མཚོ་སྔོན་རྐང་གྲུག་རྩེ་རིམ་རིམ་འདས་འགྲན་བསྡུར་ཁྲོད་འདྲེས་པར་བྱས་ནས། འཛད་སྤྱོད་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཛད་སྤྱོད་ཀྱི་སྦས་ཤུགས་སྐུལ་སྤེལ་བྱེད་པ།རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་འཕར་སྣོན་ལ་སྐུལ་འཁྲིད་བྱས་ཏེ། སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་ཀྱིས་ཁེ་ཕན་སྤྲོད་པ།དངུལ་རྩས་རོགས་རམ་བྱེད་པ།མང་ཚོགས་ལ་ཕན་ཁེ་ཐོབ་པ་བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་བྱ་དགོས།


热门新闻

热门图库

热门排行